བཀྲ་ཤིས་དོ་ཁ་མ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2018-12-05 16:05ལ་འགྲུབ།

བཀྲ་ཤིས་དོ་ཁ་མ།

བཀྲ་ཤིས་དོ་ཁ་མ།
བཀྲ་ཤིས་དོ་ཁ་མ་ནི་རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་ཡིན་ལ། མཚན་གཞན་ལ་བཀྲ་ཤིས་དུ་ཁ་ཞེས་ཞུ། དེ་ཡང་ཙོང་ཁ་པ་ཆེན་པོ་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་འོན་བཀྲ་ཤིས་རྡོ་མཁར་དུ་གདན་དྲངས་ནས་ཆོས་མང་དུ་གསུངས་པའི་དུས་དེར། དེའི་དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བདུན་བཞེངས་པ་ལ་རྗེ་རང་ཉིད་ཀྱིས་རབ་གནས་མཛད་པས་འདྲ་སྐུ་བཞེངས་པའི་གནས་ཀྱི་མིང་དེ་སྐུ་བརྙན་ལ་ཐོགས་པ་ཡིན་པར་བཤད་དོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཆོས་ལུགས།
མཚན་གཞན།
བཀྲ་ཤིས་དུ་ཁ།
1 ​ངོ་སྤྲོད་མདོར་བསྡུས། 

བཀྲ་ཤིས་དོ་ཁ་མ་ནི་རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་གི་མིང་ཡིན་ལ། མཚན་གཞན་ལ་བཀྲ་ཤིས་དུ་ཁ་ཞེས་ཞུ། དེ་ཡང་ཙོང་ཁ་པ་ཆེན་པོ་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་འོན་བཀྲ་ཤིས་རྡོ་མཁར་དུ་གདན་དྲངས་ནས་ཆོས་མང་དུ་གསུངས་པའི་དུས་དེར། དེའི་དབུ་སྐྲ་བུབས་རེ་གཟུངས་སུ་བཞུགས་པའི་འདྲ་སྐུ་བདུན་བཞེངས་པ་ལ་རྗེ་རང་ཉིད་ཀྱིས་རབ་གནས་མཛད་པས་འདྲ་སྐུ་བཞེངས་པའི་གནས་ཀྱི་མིང་དེ་སྐུ་བརྙན་ལ་ཐོགས་པ་ཡིན་པར་བཤད་དོ། ། 

ཡང་བཤད་སྲོལ་གཞན་ཞིག་ལ། རྗེ་ཙོང་ཁ་པ་གནས་དེར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་དུས། ཉིན་གཅིག་ལ་དབུ་སྐྲ་ཐེངས་བདུན་བསིལ་བ་དང་དུས་མཚུངས་སུ་འཇིམ་བཟོ་བཀྲ་ཤིས་ཞེས་པ་ཞིག་གིས་རྗེའི་འདྲ་སྐུ་བདུན་བཞེངས་ནས་སྐུའི་གཟུངས་སུ་དབུ་སྐྲ་ཐེངས་རེ་བཞར་བ་ཕུལ། འཇིམ་སྐུ་མ་བསྐམས་པས་འཇིམ་བཟོ་བཀྲ་ཤིས་བྱ་བས་མེར་སྐམ་པས་དུ་བ་ཁ་སྟབས། སྐུ་དེ་རྣམས་ཀྱིས“བཀྲ་ཤིས། བཀྲ་ཤིས། དུ་བ་ཁ་བྱུང”ཞེས་གསུང་འབྱོན་པས་རྗེ་བཀྲ་ཤིས་དུ་ཁ་མ་ཞེས་པའི་མཚན་དེ་ལྟར་བྱུང་བར་གསུངས། བཀྲ་ཤིས་དུ་ཁ་མའི་སྐུ་འདྲ་བདུན་བཞེངས་ཡོད་པ་ལས་ད་ཆ་ཕོ་བྲང་པོ་ཏཱ་ལའི་འཕགས་པ་ལྷ་ཁང་ནང་རྟེན་གཅིག་བཞུགས་ཡོད་པ་དང་། གཞན་ཡང་མདོ་སྨད་བྱ་ཁྱུང་དགོན་པའི་ནང་རྟེན་གྲས་སུ་སྐུ་འདྲ་གཅིག་བཞུགས་ཡོད་པ་ལས་རྗེའི་སྐུ་འདྲ་འདི་རིག་གསར་དུས་ཟིང་ནང་གར་སོང་ཆ་མེད་དུ་གྱུར་སོང་།