སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-11-29 15:15ལ་འགྲུབ།

སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།

དེབ་འདི་ནི་མཛད་པ་པོ་དགའ་བའི་རྡོ་རྗེ་ལགས་ཀྱིས་ལོ་མང་རིང་དཀའ་སྤྱད་ཆེན་པོས་ཕྱོགས་ཐ་གྲུ་ནས་སྨན་གྱི་དངོས་དཔེ་མང་པོ་འཚོལ་བསྡུ་དང་། པར་ལེན། རྟོག་ཞིབ་བཅས་བྱས་ཤིང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་གཞུང་དྲི་མེད་ཤེལ་ཕྲེང་གི་དགོངས་པ་རྨང་གཞིར་མཛད། དེ་མིན་བོད་ལུགས་གསོ་རིག་གི་སྨན་གཞུང་ཚད་ལྡན་མང་པོ་དང་། དེང་རབས་རྒྱལ་ཁབ་ཕྱི་ནང་གི་གཏེར་དངོས་དང་། རྩི་ཤིང་། སྲོག་ཆགས་བཅས་རིག་པ་ཆེན་པོ་གསུམ་གྱི་དཔྱད་གཞི་མང་པོར་དཔྱད་བསྡུར། སྐབས་དེར་ཞལ་བཞུགས་པའི་མཁས་དབང་མང་པོས་དག་ཞིབ་གསལ་འབྱེད་མཛད་པའི་གནས་ཚུལ་འོག་བརྩམས་པའི་གསོ་རིག་གི་ཆེད་དེབ་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
藏药品镜本草
རྩོམ་པ་པོ།
དགའ་བའི་རྡོ་རྗེ།
དཔེ་སྐྲུན་ཁང་།
མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ1995ལོའི་ཟླ8པ།
1 ངོ་སྤྲོད།

དེབ་འདི་ནི་མཛད་པ་པོ་དགའ་བའི་རྡོ་རྗེ་ལགས་ཀྱིས་ལོ་མང་རིང་དཀའ་སྤྱད་ཆེན་པོས་ཕྱོགས་ཐ་གྲུ་ནས་སྨན་གྱི་དངོས་དཔེ་མང་པོ་འཚོལ་བསྡུ་དང་། པར་ལེན། རྟོག་ཞིབ་བཅས་བྱས་ཤིང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་གཞུང་དྲི་མེད་ཤེལ་ཕྲེང་གི་དགོངས་པ་རྨང་གཞིར་མཛད། དེ་མིན་བོད་ལུགས་གསོ་རིག་གི་སྨན་གཞུང་ཚད་ལྡན་མང་པོ་དང་། དེང་རབས་རྒྱལ་ཁབ་ཕྱི་ནང་གི་གཏེར་དངོས་དང་། རྩི་ཤིང་། སྲོག་ཆགས་བཅས་རིག་པ་ཆེན་པོ་གསུམ་གྱི་དཔྱད་གཞི་མང་པོར་དཔྱད་བསྡུར། སྐབས་དེར་ཞལ་བཞུགས་པའི་མཁས་དབང་མང་པོས་དག་ཞིབ་གསལ་འབྱེད་མཛད་པའི་གནས་ཚུལ་འོག་བརྩམས་པའི་གསོ་རིག་གི་ཆེད་དེབ་གལ་ཆེན་ཞིག་ཡིན།

2 རིན་ཐང་།

འཁྲུངས་དཔེ་འདི་ནི་བློ་གསལ་ལས་དང་པོ་བ་རྣམས་ལ་སྨན་རིགས་ངོ་སྤྲོད་དང་དམར་ཁྲིད་བྱེད་པའི་སློབ་གཞི་དང་། སྨན་རིགས་ཞིབ་འཇུག་གི་ཕྱག་ལས་གནང་མཁན་ལ་ཚད་ལྡན་གྱི་དཔྱད་གཞི། སྨན་རྫས་ཉོ་སྒྲུབ་དང་ཚོང་ལས་ཀྱི་ཕྱག་ལས་གནང་མཁན་ལ་ཁུངས་ཐུབ་ཀྱི་ཚད་གཞི། རྒྱ་བོད་མི་རིགས་ཀྱི་སྐད་ཡིག་ཕབ་སྒྱུར་གྱི་ཕྱག་ལས་གནང་མཁན་ལ་སྨན་རྫས་སྐོར་གྱི་སྟབས་བདེའི་ཚིག་མཛོད་ཅིག་བཅས་ཡིན།