མ་འདྲེས་པའི་ཆོས་བཅོ་བརྒྱད།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན། ནས 2019-04-17 17:01ལ་འགྲུབ།
གཅིག སྐུ་འཁྲུལ་བ་མེད་པ། གསུང་ལ་ཅ་ཅོ་མེད་པ། དྲན་པ་ཉམས་པ་མེད་པ། ཐུགས་ལ་མཉམ་པར་མ་བཞག་པ་མེད་པ། ཐ་དད་པའི་འདུ་ཤེས་མེད་པ། མ་བརྟགས་པའི་བཏང་སྙོམས་མི་མདའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག གཉིས། འདུན་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ། རྣམ་པར་གྲོལ་བ་ལས་ཉམས་པ་མེད་པ་སྟེ་རྟོགས་པས་བསྡུས་པ་དྲུག གསུམ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཡེ་ཤེས་ཀྱིས་སྔོན་དུ་འགྲོ་ཞིང་རྗེས་སུ་འབྲང་བ་སྟེ་འཕྲིན་ལས་ཀྱིས་བསྡུས་པ་གསུམ། བཞི། འདས་མ་འོངས་ད་ལྟ་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའ་བ་སྟེ་ཡེ་ཤེས་ཀྱིས་བསྡུས་པ་གསུམ་མོ། །