རོལ་མོའི་བྱེ་བྲག་བཅོ་བརྒྱད།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2019-04-17 17:01ལ་འགྲུབ།

རོལ་མོའི་བྱེ་བྲག་བཅོ་བརྒྱད།

རྒྱ་གར་གྱི་རིག་གཞུང་ལས་བཤད་པའི་གནའ་རབས་ཀྱི་རོལ་མོའི་རིག་རྩལ་གྱི་གྲས་ཤིག་སྟེ། 1.གར་མཁན། 2.བྲོ། 3.རྫ་རྔ། 4.རྔ་ཆུང༌། 5.རྔ་ཟླུམ། 6.རྔ་བོ་ཆེ། 7.འཁར་རྔ། 8.པི་ཝཾ་རྒྱུད་གཅིག་པ། 9.རྫ་རྔ་ཁ་གཅིག་པ། 10.ལྕགས་ཀྱི་སིལ་འཁྲོལ། 11.འཁར་བའི་སིལ་འཁྲོལ། 12.པི་ཝཾ་རྒྱུད་གསུམ་པ། 13.རྔ་མུ་ཀུནྡ། 14.སིལ་སྙན་གླུ་དབྱངས་དང་བསྟུན་པ། 15.ཕེག་རྡོབ། 16.རོལ་མོ་སྤྱིའི་རིགས། 17.པི་ཝཾ 18.གླིང་བུ་བཅས་ཡིན།
1 རྒྱས་འགྲེལ།

རྒྱ་གར་གྱི་རིག་གཞུང་ལས་བཤད་པའི་གནའ་རབས་ཀྱི་རོལ་མོའི་རིག་རྩལ་གྱི་གྲས་ཤིག་སྟེ། 1.གར་མཁན། 2.བྲོ། 3.རྫ་རྔ། 4.རྔ་ཆུང༌། 5.རྔ་ཟླུམ། 6.རྔ་བོ་ཆེ། 7.འཁར་རྔ། 8.པི་ཝཾ་རྒྱུད་གཅིག་པ། 9.རྫ་རྔ་ཁ་གཅིག་པ། 10.ལྕགས་ཀྱི་སིལ་འཁྲོལ། 11.འཁར་བའི་སིལ་འཁྲོལ། 12.པི་ཝཾ་རྒྱུད་གསུམ་པ། 13.རྔ་མུ་ཀུནྡ། 14.སིལ་སྙན་གླུ་དབྱངས་དང་བསྟུན་པ། 15.ཕེག་རྡོབ། 16.རོལ་མོ་སྤྱིའི་རིགས། 17.པི་ཝཾ 18.གླིང་བུ་བཅས་ཡིན་ཅིང༌། གོང་གསལ་རོལ་མོའི་རིགས་རྣམས་ཆ་ཚང་བ་བོད་དུ་ཡོད་པ་མ་ཟད། གོང་དུ་མ་འདུས་པ་དུང་ཆེན། ཅང་ཏེའུ། དྲིལ་བུ། ཆ་ལང་སོགས་སྣ་ཚོགས་ཡོད།