ལྔ་བའི་བ་གཞི།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-06-14 15:30ལ་འགྲུབ།

ལྔ་བའི་བ་གཞི།

ལྔ་བའི་བ་གཞི།
ཨ་མདོ་ས་ཁུལ་མང་ཆེ་ཤོས་སུ་ལྔ་བའི་ཚེས་ལྔ་ཉིན་ལ་ལྔ་བའི་བ་གཞི་ཟེར་བཞིན་ཡོད་ཅིང་སངས་རྒྱས་སྨན་ལྷའི་དུས་ཆེན་ཡང་ཟེར། ཉིན་དེའི་ཆུ་ནི་སངས་རྒྱས་སྟོན་པས་གནང་བའི་སྨན་ཆུ་ཡིན་པ་དང་ཉིན་དེའི་རྩྭ་རྩི་ཤིང་ནི་སྟོན་པས་གནང་བའི་སྨན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པས། ཉིན་དེའི་ཞོགས་པར་མི་རྣམས་ཆུ་མིག་འགྲམ་དུ་ཆུ་ལེན་པར་འགྲོ་བ། ཆུ་བཏུང་བ། ལུས་བཀྲུ་བ(ཁ་ལག་བཀྲུ་བ)། སྤང་ཐང་དུ་མེ་ཏོག་འཐུ་བར་འགྲོ་བ་དང་སྡོང་བོའི་ཡལ་ག་སོགས་སྒོ་འགོར་འཇོག་པའི་བྱེད་སྒོ་སྤེལ་བ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སངས་རྒྱས་སྨན་ལྷའི་དུས་ཆེན།
རིགས།
དུས་ཆེན།
ཉིན་མོ།
ཧོར་ཟླ་ལྔ་བའི་ཚེས་ལྔ།
1 ​དུས་ཆེན་ངོ་སྤྲོད། 

ཨ་མདོ་ས་ཁུལ་མང་ཆེ་ཤོས་སུ་ལྔ་བའི་ཚེས་ལྔ་ཉིན་ལ་ལྔ་བའི་བ་གཞི་ཟེར་བཞིན་ཡོད་ཅིང་སངས་རྒྱས་སྨན་ལྷའི་དུས་ཆེན་ཡང་ཟེར། ཉིན་དེའི་ཆུ་ནི་སངས་རྒྱས་སྟོན་པས་གནང་བའི་སྨན་ཆུ་ཡིན་པ་དང་ཉིན་དེའི་རྩྭ་རྩི་ཤིང་ནི་སྟོན་པས་གནང་བའི་སྨན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པས། ཉིན་དེའི་ཞོགས་པར་མི་རྣམས་ཆུ་མིག་འགྲམ་དུ་ཆུ་ལེན་པར་འགྲོ་བ། ཆུ་བཏུང་བ། ལུས་བཀྲུ་བ(ཁ་ལག་བཀྲུ་བ)། སྤང་ཐང་དུ་མེ་ཏོག་འཐུ་བར་འགྲོ་བ་དང་སྡོང་བོའི་ཡལ་ག་སོགས་སྒོ་འགོར་འཇོག་པའི་བྱེད་སྒོ་སྤེལ་བ་རེད།

2 དུས་ཆེན་གྱི་བྱུང་རིམ། 

རྫོང་མཁར་རབ་རྒྱས་ནས་མཆོད་རྟེན་ཐང་གི་ཕྱོགས་སུ་ལུང་གསུམ་གྱི་མདོ་ཞིག་ཡོད་པའི་མིང་ལ་ཡར་ལུང་སུམ་མདོ་ཟེར་ཞིང་། ལུང་པ་དེའི་གཡས་ཕྱོཊ་ལུང་བའི་ཕུ་ན་སྨན་ཆུའི་ལུང་བ་ཡོད་པ་དང་། ལུང་བ་དེའི་མདོ་ནས་ཡར་དེད་ན་ཡར་ལུང་སྨན་ཆུར་ཐོན་པ་རེད། ཡར་ལུང་སྨན་ཆུ་ནས་མུ་མཐུད་དུ་མདུན་དུ་སྐྱོད་ན་ལྷ་ལུང་ཞེས་བྱ་བའི་ལུང་བ་ཞིག་ལ་ཐོན། ལུང་བ་དེར་སངས་རྒྱས་སྨན་ལྷའི་ལྷ་ཁང་ཡོད་པ་དང་། ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་དྲུག་ཉིན་ལ། ལུང་བ་དེའི་དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་བྱེད་པ་དང་སྨན་ཆུ་འཐུང་བ་ཡིན། སྨན་ཆུ་སྤྱོད་པར་མཐུན་རྐྱེན་བསྐྲུན་ཆེད་སྨན་ཆུའི་སྟེང་ཟམ་པ་ཞིག་ཀྱང་བཙུགས་ཡོད་པ་རེད། སྨན་ཆུའི་ཆུ་མིག་འགྲམ་གྱི་ཕ་བོང་སྟེང་བརྐོས་ཡོད་པའི་མིན་ཆིན་རྒྱལ་རབས་སྐབས་ཀྱི་ལྷ་སྐུ་དང་སྔགས་ཡིག་ད་བར་ཡང་གསལ་ལམ་མེར་མཐོང་ཐུབ། ངག་རྒྱུན་ལྟར་ན། དེ་སྔོན་ལུང་བ་འདིར་སྨན་ཆུའི་ཆུ་མིག་མང་བོ་ཡོད། མིན་ཆིན་རྒྱལ་རབས་སྐབས་སུ་སྟག་ལུང་ཁྲི་བ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་དང་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ། ཐུའུ་བཀྭན་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མ་སོགས་བླ་སྤྲུལ་ཆེན་མོ་རྣམསས་འདིར་མཚམས་སུ་བཞུགས་མྱོང་བ་མ་ཟད། ཆུ་མིག་རེ་རེར་རབ་གནས་ཀྱང་མཛད། ཆུ་མིག་གང་ཞིག་གིས་ཕོ་བའི་ནད་སེལ་ཐུབ་པ་དང་གང་ཞིག་གིས་མིག་ནད་སེལ་ནུས་པ། གང་ཞིག་གིས་པགས་ནད་བཅོས་ཐུབ་པའི་ཡོན་ཏན་རྡོ་བརྐོས་སུ་བཏབ། དུས་དེ་ནས་བཟུང་ཐག་ཉེ་རིང་གི་ནད་པའི་སྦྲ་གུར་གྱིས་ལུང་བར་བཀང་སོང་། མི་མི་ཉུང་བ་ཞིག་གི་ནད་ཀྱི་སྡུག་བསྔལ་སེལ་བས་སྨན་ཆུའི་སྙན་གྲགས་ཀྱང་ཕྱོགས་བཞི་མཚམས་བརྒྱད་དུ་གྲགས། འོན་ཀྱང༌ཕྲག་དོག་གིས་མ་བཟོད་པའི་སྐྱེས་བུ་ཐ་ཤལ་ཞིག་གིས་སྨན་ཆུའི་ཁ་ཡིག་བཅོམ་པ་དང་ཁ་ཡིག་གོ་ལྡོག་ནས་བཞག་པས་དེ་ནས་བཟུང་སེམས་ཅན་གྱིས་གང་འདོད་དུ་ལོངས་སྤྱོད་མི་ཐུབ་པར་གྱུར།

ལོ་དུ་མའི་རྗེས་སུ། དགུང་ལོ་དྲུག་ཅུར་སོན་པའི་ཐུའུ་བཀྭན་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མས་གནས་ཚུལ་འདི་མཁྱེན་ཞིང་ཁོང་ཉིད་ཆིབས་ཁ་བསྒྱུར་ནས་དགོན་ལུང་དགོན་པ་ནས་ས་འདིར་ཕེབས། སྐུ་ཉིད་ཀྱིས་ཆུ་མིག་འགྲམ་ནས་ཉིན་ཞེ་དགུར་གསོལ་མཆོད་གནང་ནས་སྨན་ཆུར་ནད་བརྒྱ་སེལ་བའི་བྱིན་བརླབས་གནང་། དུས་དེ་ནས་བཟུང་ལོ་རེའི་དབྱར་ཟླ་ལྔ་བའི་ཚེས་ལྔ་ཉིན་ནི་སངས་རྒྱས་སྨན་ལྷའི་དུས་ཆེན་དང་དྲུག་པའི་ཚེས་དྲུག་ཉིན་སྨན་ཆུའི་དུས་ཆེན་རོལ་བའི་སྲོལ་དུ་ཆགས།


དཔྱད་གཞིའི་ཡིག་ཆ།