རྒན་སྟག་འབུམ་རྒྱལ་ལགས་ནི་མཚོ་སྔོན་ཞིང་ཆེན་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་ཅིང་། ད་ལྟ་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་བླངས་ཡོད། བརྩམས་ཆོས་གཙོ་བོར་སྒྲུང་རིང་《ལྷིང་འཇགས་ཀྱི་རྩྭ་ཐང་།》དང་《རྒུད།》སྒྲུང་འབྲིང་ཕྱོགས་བསྒྲིགས《ཁ་བ་མེད་པའི་དགུན་ཁ།》སྒྲུང་ཐུང་ཕྱོགས་བསྒྲིགས《མི་རབས་གསུམ་གྱི་རྨི་ལམ།》རྒྱ་འགྱུར་མའི་སྒྲུང་གཏམ་ཕྱོགས་བསྒྲིགས《མེ་ཚེའི་གླུ་དབྱངས།》སོགས་ཡོད་ལ། ད་ལྟའི་བར་དུ་སྒྲུང་གཏམ་རིང་ཐུང་ཆིག་བརྒྱར་ཉེ་བ《སྦྲང་ཆར།》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》སོགས་ཀྱི་སྟེང་སྤེལ་མྱོང་།
དཔེ་དེབ་འདིའི་ནང་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་རྩོམ་འབྲིའི་ཤེས་བྱ་དང་རྩོམ་ཡིག་འབྲི་དཔེ། རྩོམ་ཡིག་མྱོང་དཔྱད་གསུམ་ག་མཉམ་དུ་སྦྱར་བའི་སྒོ་ནས་བསྒྲིགས་ཡོད་ཅིང་། མཇུག་ཏུ་ད་དུང་སློབ་གྲོགས་ཚོས་འབྲིང་རྒྱུགས་སྐབས་ཀྱི་རྩོམ་འབྲིའི་རྒྱུ་ཆ་དགག་སྒྲུབ་རྩོམ་ཡིག་འབྲི་ཚུལ་གྱི་རྩོམ་དཔེ་འགའ་ཡང་བཀོད་དེ་དཔྱད་གཞིར་མཁོ་སྤྲོད་བྱས་ཡོད།
ལེའུ་དང་པོ། ཇི་བཞིན་བརྗོད་པའི་རྩོམ་ཡིག
ས་བཅད་དང་པོ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྩོམ་འབྲིའི་ཤེས་བྱ།
གཅིག རྩོམ་ཡིག་གི་གོ་དོན་དང་རྒྱུ་རྐྱེན་དྲུག
གཉིས། རྩོམ་ཡིག་གི་སྤྲོས་བརྗོད་བྱེད་ཐབས།
གསུམ། གཟབ་འབྲི་བྱེད་ཐབས་དང་དེའི་དབྱེ་བ།
བཞི། རྩོམ་ཡིག་གི་བརྗོད་བྱ་དང་དེའི་དབྱེ་བ།
ལྔ། རྩོ་ཡིག་གི་རྒྱུ་ཆ་དང་བརྗོད་བྱའི་ཁྱད་པར།
དྲུག རྩོམ་ཡིག་གི་བརྗོད་སྙིང་དང་དེའི་ཁྱད་ཆོས།
བདུན། རྩོམ་ཡིག་གི་མགོ་རྩོམ་ཚུལ་དང་དེའི་ཁྱད་ཆོས།
བརྒྱད། རྩོམ་ཡིག་གི་མཇུག་བསྡུ་ཚུལ་དང་དེའི་ཁྱད་ཆོས།
ས་བཅད་གཉིས་པ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྩོམ་དཔེ་དང་དེ་དག་གི་མྱོང་དཔྱད།
ལེའུ་གཉིས་པ། གསལ་བཤད་རྩོམ་ཡིག
ས་བཅད་དང་པོ། གསལ་བཤད་རྩོམ་ཡིག་གི་རྩོམ་འབྲིའི་ཤེས་བྱ།
གཅིག གསལ་བཤད་རྩོམ་ཡིག་གི་གོ་དོན་དང་དབྱེ་བ།
གཉིས། གསལ་བཤད་རྩོམ་ཡིག་གི་གསལ་བཤད་བྱེད་ཐབས།
ས་བཅད་གཉིས་པ། གསལ་བཤད་རྩོམ་ཡིག་གི་རྩོམ་དཔེ་དང་དེ་དག་གི་མྱོང་དཔྱད།
ལེའུ་གསུམ་པ། དགག་སྒྲུབ་རྩོམ་ཡིག
ས་བཅད་དང་པོ། དགག་སྒྲུབ་རྩོམ་ཡིག་གི་རྩོམ་འབྲིའི་ཤེས་བྱ།
གཅིག དགག་སྒྲུབ་རྩོམ་ཡིག་གི་གོ་དོན་དང་རྩ་བའི་བླང་བྱ།
གཉིས། འབྲིང་རྒྱུགས་ཀྱི་སྐབས་སུ་དགག་སྒྲུབ་རྩོམ་ཡིག་འབྲི་དུས་མཉམ་འཇོག་བྱ་དགོས་པའི་སྐོར།
ས་བཅད་གཉིས་པ། དགག་སྒྲུབ་རྩོམ་ཡིག་གི་རྩོམ་དཔེ་དང་དེ་དག་གི་མྱོང་དཔྱད།
ཞར་བྱུང་། རྒྱུ་ཆ་འདོན་སྤྲོད་བྱས་པའི་དགག་སྒྲུབ་རྩོམ་ཡིག་འབྲི་དཔེ།
དཔེ་དེབ་འདིའི་ནང་རྩོམ་པ་པོས་ལོ་ངོ་དུ་མའི་རིང་ལ་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་མ་ཚོར་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་བྱས་པའི་ཉམས་མྱོང་གཞིར་བཟུང་ཐོག ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་རྩོམ་འབྲིའི་ཤེས་བྱ་དང་རྩོམ་ཡིག་འབྲི་དཔེ་འཐུས་ཚབ་ཅན་དུ་མ་བདམས་ནས་དེ་དག་ལ་རྩོམ་རིག་གཞུང་ལུགས་དང་། རྩོམ་འབྲི་རིག་པའི་ཤེས་བྱ་དང་འབྲེལ་ནས་དཔྱད་ཞིབ་ངེས་ཅན་རེ་བྱས་ཡོད་པས། རྩོམ་ཡིག་ལ་འཇུག་བཞིན་པའི་ལས་དང་པོ་བ་སྟེ། ཆུང་འབྲིང་སློབ་མ་རྣམས་ལ་མཚོན་ན་ཟུར་ལྟའི་དཔེ་དེབ་ལེགས་པོ་ཞིག་ཡིན་ནོ། །