མཁྱེན་རབ་འོད་གསལ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2018-04-17 08:53ལ་འགྲུབ།

མཁྱེན་རབ་འོད་གསལ།

མཁྱེན་རབ་འོད་གསལ།
མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི་མདོ་ཁམས་མི་ཉག་རབ་སྒང་གི་ཁོངས་གཏོགས་སུ་སྤྱི་ལོ༡༩༢༥ལོར་སྐུ་འཁྲུངས། སྤྱི་ལོ༡༩༤༦ལོར་ལྷ་སར་ཕེབས། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་གི་འགན་བཞེས་ཏེ་སྤྱི་ལོ་༡༩༥༩ལོའི་བར་དུ་བཞུགས། སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ དར་མདོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཀྱིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་ཁག་སློབ་ཁྲིད་ཡུན་རིང་གནང་། སྤྱི་ལོ༡༩༩༧ལོར་སི་ཁྲོན་མི་རིགས་སློབ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་གི་བརྩམས་ཆོས་ལ་ 《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ》དང་། 《སུམ་ཅུ་པའི་རྣམ་བཤད་ཟུར་གནས་དགྱེས་པའི་གཏམ།》སོགས་བཞུགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མཁྱེན་རབ་འོད་གསལ།
འཁྲུངས་འདས་ལོ་ཚིགས།
19257— 1997
འཁྲུངས་ཡུལ།
ཁམས་མི་ཉག
འཐུས་ཚབ་བརྩམས་ཆོས།
སུམ་རྟགས་ཀྱི་འགྲེལ་བ།
1 ངོ་སྤྲོད།

མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི་མདོ་ཁམས་མི་ཉག་རབ་སྒང་གི་ཁོངས་གཏོགས་འབྲོག་སྡེ་ཞིག་ཏུ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོར་སྤྱི་ལོ༡༩༢༥ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་སོན་སྐབས་སུ་ཡབ་དམ་པ་དང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་གཅེན་པོ་རྒྱལ་ཁམས་བླ་མ་དཀོན་མཆོག་རྣམ་རྒྱལ་གཉིས་ཀྱི་སྐུ་མདུན་ནས་བོད་ཡིག་གི་འབྲི་ཀློག་གཉིས་ལ་བྱང་ཆུབ་པ་བསླབས་པ་དང་། འདོན་རྟ་དབྱངས་དང་། བཅའ་རྡུང་འབུད་དཀྲོལ། གར་ཐིག་དབྱངས་རོལ་སོགས་ལ་སྦྱངས་པ་ལེགས་པར་མཛད་དེ་གཞུང་ཆེན་ཁག་ལ་སྦྱོང་གནང་བའི་རྨང་གཞི་བརྟན་པོ་ཚུགས། རྗེས་སུ་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭར་ཞུགས་ནས་མཁས་མཆོག་དུ་མར་སློབ་དཔོན་བསྟེན་ཅིང་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་མཛད། སྤྱི་ལོ༡༩༤༦ལོར་ལྷ་སར་ཕེབས། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་གི་འགན་བཞེས་ཏེ་སྤྱི་ལོ་༡༩༥༩ལོའི་བར་དུ་བཞུགས། སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ  དར་མདོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཀྱིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་ཁག་སློབ་ཁྲིད་ཡུན་རིང་གནང་། སྔ་རྗེས་སུ་དགེ་རྒན་ཆེན་མོ་གཞོན་པ་གཅིག་ལྕོགས་ཀྱི་མཚན་ཐོབ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པའི་གོ་ས་དང་ཞིབ་འཇུག་པའི་མཚན་སྙན་དང་གཟི་བརྗིད་ཀྱི་གཟེངས་རྟགས་དུ་མ་ཐོབ། དེ་མཚུངས་སུ《བོད་རྒྱ་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་ལ་བོད་ཡིག་གི་གཙོ་འགན་བཞེས་པ་དང་། སྤྱི་ལོ༡༩༩༧ལོར་སི་ཁྲོན་མི་རིགས་སློབ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

2 བརྩམས་ཆོས།

《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ》དང་། 《སུམ་ཅུ་པའི་རྣམ་བཤད་ཟུར་གནས་དགྱེས་པའི་གཏམ།》 《བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ》གསུམ་གྱིས་མཚོན་པའི་པོ་ཏི་ཆེན་པོ་གསུམ་དང་།  《གཞོན་ནུའི་སྲོག་སྐྱོབ་བདུད་རྩིའི་ཐིགས་པ》དང་། 《མགར་བའི་རིགས་རྒྱུད་ལ་དཔྱད་པ》། 《གངས་ཅན་ཀུན་བཟོད་སྒེག་མོའི་བཞད་སྒྲ》སོགས་གསུང་རྩོམ་དུ་མ་བཞུགས་ཡོད།