བོད་བརྒྱུད་ཚད་མ་རིག་པ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2018-04-03 15:52ལ་འགྲུབ།

བོད་བརྒྱུད་ཚད་མ་རིག་པ།

དུས་རབས་བཅུ་གཅིག་པར་རྨ་དགེ་བའི་བློ་གྲོས་དང་རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་དང་རྣམ་ངེས་སོགས་ཚད་མའི་བསྟན་བཅོས་བཅོ་ལྔ་ལྷག་བོད་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར་བོད་བརྒྱུད་ཚད་མ་རིག་པ་ཟེར། རིག་གཞུང་འདིའི་ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཚད་མ་རིག་པ་ཡིན་པས། གཞུང་གི་སྤྱི་ཁོག་དང་རྩ་བའི་གཞུང་ལུགས་ཀྱིས་ནང་བ་སངས་རྒྱས་པའི་གཏན་ཚིགས་རིག་པའི་བསམ་བློ་སྟོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏传因明学
1 ནང་དོན་མདོར་བསྟན། 

སྤྱིར་ཚད་མ་རིག་པ་ལ་རྒྱ་གར་གྱི་ཚད་མ་རིག་པ་དང་བོད་བརྒྱུད་ཚད་མ་རིག་པ། རྒྱ་བརྒྱུད་ཚད་མ་རིག་པ་བཅས་རིགས་ཆེན་པོ་གསུམ་དུ་དབྱེ་ཞིང་། དུས་རབས་བཅུ་གཅིག་པར་རྨ་དགེ་བའི་བློ་གྲོས་དང་རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་དང་རྣམ་ངེས་སོགས་ཚད་མའི་བསྟན་བཅོས་བཅོ་ལྔ་ལྷག་བོད་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར་བོད་བརྒྱུད་ཚད་མ་རིག་པ་ཟེར། རིག་གཞུང་འདིའི་ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཚད་མ་རིག་པ་ཡིན་པས། གཞུང་གི་སྤྱི་ཁོག་དང་རྩ་བའི་གཞུང་ལུགས་ཀྱིས་ནང་བ་སངས་རྒྱས་པའི་གཏན་ཚིགས་རིག་པའི་བསམ་བློ་སྟོན་པ་ཡིན། ཡིན་ནའང་བོད་རྒྱ་མི་རིགས་སོ་སོའི་རིག་གནས་རྒྱབ་ལྗོངས་མི་འདྲ་བ་དང་།  ལྷག་དོན་ཕྱིས་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ཁྲོད་དུ་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་ཀྱི་འབྲེལ་ལམ་འཛུགས་མ་ཐུབ་པས། བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པ་གཞུང་དོན་ཐད་ལ་ཁྱད་པར་ཆེན་པོ་བྱུང་ཡོད།