འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2018-04-18 09:14ལ་འགྲུབ།

འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས།

འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས།
འོས་འགན་སློབ་གསོའིི་དོ་མཉམ་འཕེལ་རྒྱས་ནི་འོས་འགན་སློབ་གསོའི་དུས་རིམ་དུ། སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། དགེ་རྒན་ཡོངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ། སློབ་གྲྭ གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། སློབ་གྲྭ་ཚང་མ་ལེགས་པར་གཉེར་བ་དང་སློབ་མ་ཚང་མ་ཤེས་ལྡན་ཅན་དུ་བཏང་སྟེ། སློབ་གསོའི་འདྲ་མཉམ་རང་བཞིན་མངོན་འགྱུར་བྱེད་པར་གོ།
གཞི་རྩའི་གནས་ཚུལ།

འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས།
义务教育均衡发展
དཀར་ཆག
1   འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་གོ་དོན།
2    དོན་སྙིང་གཙོ་བོ། 
3    འོས་འགན་སློབ་གསོའི་དོ་སྙོམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གཞི་རྩའི་དམིགས་ཚད། 
4   འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་གཞི་རྩའི་བརྗོད་བྱ་ནི་ཅི།   
5    འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་ལྟ་སྐུལ་དཔྱད་འཇོག་སྤེལ་ན་ནུས་པ་ཅི་ཞིག་ཐོན། 
6     རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་ལྟ་སྐུལ་དཔྱད་འཇོག་གི་ལས་དོན་ཇི་ལྟར་སྤེལ་དགོས། 
7    འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་འགྲོ་བར་སྤྱི་དམངས་ཡིད་ཚིམ་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་ནང་དོན་གང་དག་ཡོད།    
1 འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་གོ་དོན།

འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ནི་འོས་འགན་སློབ་གསོའི་དུས་རིམ་དུ། སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། དགེ་རྒན་ཡོངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ།  སློབ་གྲྭ གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། སློབ་གྲྭ་ཚང་མ་ལེགས་པར་གཉེར་བ་དང་སློབ་མ་ཚང་མ་ཤེས་ལྡན་ཅན་དུ་བཏང་སྟེ། སློབ་གསོའི་འདྲ་མཉམ་རང་བཞིན་མངོན་འགྱུར་བྱེད་པར་གོ། 

2  དོན་སྙིང་གཙོ་བོ། 

འོས་འགན་སློབ་གསོའི་འཕེལ་རྒྱས་ཆ་མཉམ་ཡོང་བར་སྐུལ་འདེད་ཆེན་པོ་བྱས་ཏེ།  གྲོང་གསེབ་ཀྱི་སློབ་གྲྭ་དང་སློབ་གཉེར་ཆུ་ཚད་ཞན་པའི་སློབ་གྲྭའི་སློབ་གཉེར་ཆུ་ཚད་མཐོར་འདེགས་བྱེད་པར་ཤུགས་འདོན་པ།  ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ།  སློབ་ལོ་རན་པའི་བྱིས་པས་སློབ་གྲྭ་བཟང་བོ་ཞིག་འགྲིམས་པ་མངོན་འགྱུར་བྱུང་བར་འབད་བརྩོན་དང་། མི་རྩ་བར་འཛིན་པར་རྒྱུན་འཁྱོངས། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། འོས་འགན་སློབ་གསོ་འགལ་བ་ཟབ་མོ་ཐག་གཅོད་དང་། ཚན་རིག་དང་མཐུན་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་།  རྒྱལ་དམངས་ཀྱི་བྱང་ཚད་སྔར་ལས་མཐོར་འདེགས་དང་། མི་ཤུགས་ཐོན་ཁུངས་ཕྱུག་པའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ལ་དོན་དངོས་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ཞིག་ལྡན།

3  འོས་འགན་སློབ་གསོའི་དོ་སྙོམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གཞི་རྩའི་དམིགས་ཚད། 

གཞི་རྩའི་དམིགས་ཚད་ནི་སློབ་གྲྭ་ཚང་མ་རྒྱལ་ཁབ་ཀྱི་སློབ་གཉེར་ཚད་གཞི་དང་མཐུན་པ། སློབ་གཉེར་གྲོན་དངུལ་ལ་འགན་ལེན་ཐོབ་པ་སྟེ། སློབ་གསོའི་ཐོན་ཁུངས་ཀྱིས་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་ཀྱི་དགོས་འདོད་ཚིམ་དགོས་ལ། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སློབ་ཚན་འཛུགས་དགོས།  དགེ་རྒན་བཀོད་སྒྲིག་གི་ཐད་ནས་སྔར་བས་ལུགས་མཐུན་དང་། དགེ་རྒན་ཡོངས་ཀྱི་བྱང་ཚད་གོང་དུ་སྤེལ་དགོས། སློབ་གྲྭའི་འཛིན་གྲྭའི་ཚད་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་དང་བསྟུན་ཏེ། “ ཚད་བརྒལ་འཛིན་གྲྭའི” སྣང་ཚུལ་སེལ་དགོས། རྫོང་ཁོངས་ནང་ཁུལ་དུ་འོས་འགན་སློབ་གསོའི་གཞི་རྩའི་དོ་མཉམ་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། སློབ་གྲྭ་སོ་སོའི་ཧེ་བག་ཇེ་ཆུང་སོང་བ་མངོན་གསལ་ཡིན་དགོས།

4 འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་གཞི་རྩའི་བརྗོད་བྱ་ནི་ཅི།   

དོ་མཉམ་འཕེལ་རྒྱས་ནི་སློབ་གསོ་འཕེལ་རྒྱས་ཀྱི་ལྟ་བ་གསར་པ་ཞིག་སྟེ། མིག་སྔར་རང་རྒྱལ་གྱི་དངོས་ཡོད་སློབ་གསོའི་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གསར་བ་ཞིག་དང་། སློབ་གསོའི་འདྲ་མཉམ་མངོན་འགྱུར་བྱུང་བ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་དགོས་ངེས་ཀྱི་བྱ་གཞག་ཅིག་ཡིན།  དེའི་བརྗོད་བྱ་ལ་གཙོ་བོ་རིམ་པ་གསུམ་སྟེ། གཅིག་ནི་ས་ཁོངས་བར་གྱི་དོ་མཉམ་འཕེལ་རྒྱས་ཏེ། མིག་སྔར་དོ་ཁུར་བྱ་ཡུལ་ནི་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་འཛུགས་སྐྲུན་ཐད་ཀྱི་གནད་དོན་ཡིན། གཉིས་ནི་ས་ཁོངས་ནང་ཁུལ་གྱི་སློབ་གྲྭ་སོ་སོའི་བར་གྱི་དོ་མཉམ་འཕེལ་རྒྱས་ཏེ། མིག་སྔར་དོ་ཁུར་བྱ་ཡུལ་ནི་སློབ་གཉེར་ཆུ་ཚད་ཞན་པའི་སློབ་གྲྭའི་འཛུགས་སྐྲུན་ཐད་ཀྱི་གནད་དོན་ཡིན།  གསུམ་ནི་ཚོགས་སྤྱི་སོ་སོའི་བར་གྱི་དོ་མཉམ་འཕེལ་རྒྱས་ཏེ། མིག་སྔར་དོ་ཁུར་བྱ་ཡུལ་ནི་ཉམ་ཆུང་ཚོགས་སྤྱིའི་སློབ་གསོའི་ཐད་ཀྱི་གནད་དོན་ཡིན། 

5  འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་ལྟ་སྐུལ་དཔྱད་འཇོག་སྤེལ་ན་ནུས་པ་ཅི་ཞིག་ཐོན། 

(1)  ས་གནས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་བླང་བྱ་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་ཏེ། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་འགན་འཁྲི་ནན་ཏན་གྱིས་ལག་ཏུ་བསྟར་དགོས།

( 2 ) ས་གནས་ཁག་གིས་རང་བཤེར་རང་དཔྱད་དང་། རང་གིས་རང་ལ་ངོས་འཛིན་ཐད་ལ་རོགས་རམ་བྱ་དགོས།

( 3 ) འོས་འགན་སློབ་གསོ་དོ་མཉམ་ཡོང་བའི་འཕེལ་རྒྱས་དམིགས་ཚད་མྱུར་དུ་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་དགོས།

6   རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་ལྟ་སྐུལ་དཔྱད་འཇོག་གི་ལས་དོན་ཇི་ལྟར་སྤེལ་དགོས། 

འོས་འགན་སློབ་གསོའི་དོ་སྙོམ་འཕེལ་རྒྱས་ཀྱི་ལྟ་སྐུལ་དཔྱད་འཇོག་ བྱེད་པའི་གོ་རིམ་ནི་གཙོ་བོ་འོག་ནས་གོང་དུ་དཔྱད་འཇོག་བྱེད་པའི་བྱེད་ཐབས་སྤྱོད་པ་སྟེ། རྫོང་རིམ་པས་རང་དཔྱད་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་བསྐྱར་ཞིབ། ཞིང་ཆེན་རིམ་པས་དཔྱད་འཇོག་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པ་བཅས་ཡིན། 

7  འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་འགྲོ་བར་སྤྱི་དམངས་ཡིད་ཚིམ་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་ནང་དོན་གང་དག་ཡོད།    

བརྟག་དཔྱད་ནང་དོན་ནི།

སློབ་ལོ་རན་པའི་བྱིས་པས་ཐག་ཉེ་བའི་སློབ་གྲྭར་ཞུགས་པའི་ཚུལ། རྫོང་ཁོངས་སུ་སློབ་གྲྭ་སོ་སོའི་བར་གྱི་སློབ་གཉེར་ཧེ་བག  རྫོང་ཁོངས་སུ་སློབ་གྲྭ་སོ་སོའི་དགེ་རྒན་དཔུང་སྡེའི་བར་ཁྱད་དང་། རྫོང་ཁོངས་སུ་འོས་འགན་སློབ་གསོའི་སློབ་གྲྭ་འདེམ་པའི་གནས་ཚུལ་དང་། སྲིད་གཞུང་གིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་སོགས་ཐད་ཀྱི་འབད་བརྩོན་བྱས་པའི་ཚད་སོགས་ཡིན།   

བརྟག་དཔྱད་བྱ་ཡུལ་ནི། 

ས་གནས་འདིའི་དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ། དགེ་རྒན་དང་སློབ་མའི་ཁྱིམ་བདག མང་ཚོགས་གཞན་དག་ཡིན། གོང་གསལ་གྱི་བརྟག་དཔྱད་བྱ་ཡུལ་ལས་སློབ་མའི་ཁྱིམ་བདག་གཙོ་བོ་ཡིན།


དཔྱད་གཞིའི་ཡིག་ཆ།