རྟ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2018-02-08 09:59ལ་འགྲུབ།

རྟ།

རྟ།
༡ རྔོག་མ་དང་རྔ་རྩིད་རིང་བ། སྤུ་མདོག་སྣ་ཚོགས་ཡོད་པ། མགྱོགས་འགྲོས་དང་ལྡན་པའི་བཞོན་པ་ཞིག ༢ གླུ་དབྱངས་ཀྱི་སྐད་གདངས། ༣ སྨན་འཐུང་བྱེད་ཆུ་ཁོལ་དང་ཤ་ཁུ་ཆང་སོགས། ༤ རྫས་གཞན་པ་ལ་མེ་སྒོ་བྱེད་ཀྱི་ཉེར་སྤྱད་ཐ་གུ་ཕྲ་མོ། ༥ ལོ་འཁོར་བཅུ་གཉིས་ཀྱི་ནང་གི་བདུན་པ། ༦ དོར་མའི་རྟ་སྟེ། རྐང་སྣམ་གྱི་འདོམས། ༧ མངོན་བརྗོད། གྲངས་ཀ་བདུན་ཏེ། རླུང་དང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་བཅས་ཉི་མའི་ཤིང་རྟ་འདྲེན་པའི་རྟ་བདུན་ཡོད་པས་ནའོ།།
1 ལོ་ཙཱ།

རྒྱ་ཡིག 马,音调,药引,午,裤裆, 数字7

དབྱིན་ཡིག horse

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①སྒོ་ཕྱུགས་རྟ། ②གླུ་དབྱུངས་ཀྱི་སྐད་གདངས་ཀྱི་མིང་སྟེ། དབྱངས་རྟ། རྟ་དབྱངས། བོད་ཀྱི་གླུ་རྟ་ཞེས་པ་ལྟ་བུ། ③སྨན་འཐུང་བྱེད་ཆུ་ཁོལ་དང་ཤ་ཁུ་ཆང་སོགས་ཀྱི་མིང་སྟེ། སྨན་རྟ་ཆང་ལ་བྱེད་ལྟ་བུ། ④རྫས་གཞན་ལ་མེ་སྒོ་བྱེད་ཀྱི་ཉེར་སྤྱད་ཀྱི་མིང་སྟེ། འགས་སྨན་ཐུམ་པོའི་མེ་རྟ་ཞེས་པ་ལྟ་བུ། ⑤ལོ་འཁོར་བཅུ་གཉིས་ཀྱི་ནང་གི་བདུན་པ།

2.བརྡ་དག་མིང་ཚིག་གསལ་བ་ལས།  བཞོན་པའམ་ལྕིབས་བྱའི་རྟ།  马。【增】有时作 རྟེ་པོ། ﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①འོ་འཐུང་སྲོག་ཆགས་རིགས་ཤིག   བེད་སྤྱོད་གཙོ་བོ་ཞོན་པ་ཡིན།  མངལ་སྦྲུམ་གྱི་ཡུན་ཚད་ལོ་གཅིག   སྒོ་ཕྱུགས་ཀྱི་བྱེ་བྲག་ཅིག  གྱི་ལིང་རྟ།    ཟིང་རྟ།    རྟ་ཞོན་པ།    མིང་གི་རྣམ་གྲངས་ལ་སྐལ་ལྡན་དང་།   མགྱོགས་འགྲོ།    རྒྱ་མཚོ་སྐྱེས།  རྒྱབ་འཛིན།    རྔ་ཡབ་མཇུག་མ་ཅན།   རྔོག་མ་ཅན།   རྟག་ཏུ་ཟ།    འདྲེན་བྱེད།    རྣམ་པར་གནོན།  དཔལ་གྱི་བུ།   བང་ལྡན།   བློ་གསལ།   མྱུར་འགྲོ  རྨིག་པ་ཅན།  རླུང་གི་ཤིང་རྟ། རླུང་ལས་སྐྱེས།    གསེར་ལྡན་བཅས་སོ།། ②སྐད་ཀྱི་དབྱངས་གདངས།  དབྱངས་རྟ།    གླུ་རྟ།  ③སྨན་བྱེད་ཀྱི་བཏུང་བ།   སྨན་རྟ་ཆང་ལ་བྱེད།  ④ལོ་འཁོར་བཅུ་གཉིས་ཀྱི་ཡ་གྱལ་ཞིག ཤིང་རྟ།    ⑤དོར་མའི་རྟ།  རྟ་ཡོད།   རྟ་མེད།    ⑥〔མངོན〕ཉི་མ་ལ་རླུང་དང་།  ཡིད་མགྱོགས།    མདོག་ལྔ་པ།    ཐིག་ལེ་ཅན།  ངེས་བརྗོད།  ཤིན་ཏུ་རྒྱལ་མཚན།    རི་འཇོམས་ཏེ་རྟ་བདུན་ཡོད་པས་གྲངས་བདུན་མཚོན། རྟ་ལོ།   འབྱུང་རྩིས་ཀྱི་ཐ་སྙད་དེ།    ལོ་སྐོར་བཅུ་གཉིས་ཀྱི་ཡ་གྱལ་ཞིག


4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  ①རྔོག་མ་དང་རྔ་རྩིད་རིང་བ། སྤུ་མདོག་སྣ་ཚོགས་ཡོད་པ། མགྱོགས་འགྲོས་དང་ལྡན་པའི་བཞོན་པ་ཞིག དཔེར་ན། རྟ་བཞོན་ནས་ལབ་ཙེ་བསྟོད་དུ་འགྲོ་ཞེས་པ་ལྟ་བུ། ②གླུ་དབྱངས་ཀྱི་སྐད་གདངས། དཔེར་ན།  དབྱངས་རྟ་སྙན་མོ་ཞེས་པ་ལྟ་བུ།③སྨན་འཐུང་བྱེད་ཆུ་ཁོལ་དང་ཤ་ཁུ་ཆང་སོགས། དཔེར་ན། སྨན་རྟ་ཆང་ལ་བྱེད་ཅེས་པ་ལྟ་བུ། ④རྫས་གཞན་པ་ལ་མེ་སྒོ་བྱེད་ཀྱི་ཉེར་སྤྱད་ཐ་གུ་ཕྲ་མོ།  དཔེར་ན། འགས་སྨན་གྱི་མེ་རྟ་ལ་མེ་སྒྲོན་ཞེས་པ་ལྟ་བུ། ⑤ལོ་འཁོར་བཅུ་གཉིས་ཀྱི་ནང་གི་བདུན་པ།  དཔེར་ན། ངའི་ལོ་རེས་རྟ་ཡིན་ཞེས་པ་ལྟ་བུ།  ⑥དོར་མའི་རྟ་སྟེ། རྐང་སྣམ་གྱི་འདོམས། ⑦མངོན་བརྗོད།  གྲངས་ཀ་བདུན་ཏེ། རླུང་དང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན།  ངེས་བརྗོད། ཤིན་ཏུ་རྒྱལ་མཚན།  རི་འཇོམས་བཅས་ཉི་མའི་ཤིང་རྟ་འདྲེན་པའི་རྟ་བདུན་ཡོད་པས་ནའོ།།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①སྒོ་ཕྱུགས་ཀྱི་བྱེ་བྲག་ཅིག 马:②སྐད་ཀྱི་དབྱངས་གདངས། 音调,声调。③སྨན་འདེད་བྱེད་ཀྱི་བཏུང་བ། 药引  ④ལོ་འཁོར་བཅུ་གཉིས་ཀྱི་ཡ་གྱལ་ཞིག 午  ⑤དོར་མའི་རྟ།  裤裆: ⑥〔མངོན〕ཉི་མ་ལ་རླུང་དང་།  ཡིད་མགྱོགས།    མདོག་ལྔ་པ།    ཐིག་ལེ་ཅན།  ངེས་བརྗོད།  ཤིན་ཏུ་རྒྱལ་མཚན།    རི་འཇོམས་ཏེ་རྟ་བདུན་ཡོད་པས་གྲངས་བདུན་མཚོན།    马。日神有风、意速、五色、明点、定的诠、善幢、摧山等七马,故表数字7。