ཝེ་ཧྥེང་ཧུ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2017-12-19 16:56ལ་འགྲུབ།

ཝེ་ཧྥེང་ཧུ།

ཝེ་ཧྥེང་ཧུ།
ཝེ་ཧྥེང་ཧུ། སྐྱེས་པ། རྒྱ་རིགས། སྤྱི་ལོ1954ལོའི་ཟླ2པར་སྐྱེས་ཤིང་། རྒྱལ་སྲུང་སློབ་ཆེན་གན་རྒྱ་གཡུལ་འགྱེད་བཀོད་འདོམས་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན། སྤྱི་ལོ1970ལོའི་ཟླ12པར་ལས་ཀར་ཞུགས་དང་། སྤྱི་ལོ1972ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྲང་ཅང་དམག་མིའི་གོ་རྟགས་ཡོད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
魏凤和
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
​སྐྱེས་ཡུལ།
ཧྲན་ཏུང་ཁྲི་ཕིང་།
​སྐྱེས་ལོ།
སྤྱི་ལོ1954ལོའི་ཟླ2པ།
ལས་རིགས།
དམག་མི།
​མཐར་ཕྱིན་སློབ་གྲྭ།
རྒྱལ་སྲུང་སློབ་ཆེན།
​གྲུབ་འབྲས་གཙོ་བོ།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།
1 ​མི་ཚེའི་བརྒྱུད་རིམ།

སྤྱི་ལོ1970.12-1990.5པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་འཐབ་འཛིང་པ་དང་། ཤོག་གཙོ། ལྡིང་དཔོན། སྦྱོང་བརྡར་ཀུའི་དྲག་ཇུས་པ། སྦྱོར་བརྡར་ཀུའི་འགོ་འཛིན། ལུས་ཤོག་དམག་སྤྱི་ཁང་གི་སྦྱོང་བརྡར་ཁོའི་ཁོ་ཀྲང་། ལུས་ཤོག་ཚན་མོའུ་ཀྲང་གཞོན་པ་དང་། ལུས་ཤོག་ཏང་ཨུད་ཀྱི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1990.5-1994.4པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ལུས་ཤོག་ཚན་མོའུ་ཀྲང་དང་། ལུས་ཤོག་ཏང་ཨུད་ཀྱི་རྒྱུན་ཨུད་ཡིན།

སྤྱི་ལོ1994.4-2001.7པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ལུས་ཤོག་འགོག་འཛིན་དང་། ལུས་ཤོག་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2001.7-2002.12པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ཨང54པའི་རྟེན་གཞིའི་ཚན་མོའུ་ཀྲང་དང་། རྟེན་གཞི་ཏང་ཨུད་ཀྱི་རྒྱུན་ཨུད་ཡིན། 

སྤྱི་ལོ2002.12-2004.12པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ཨང53པའི་རྟེན་གཞིའི་དམག་སྤྱི་དང་། རྟེན་གཞི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2004.12-2006.12པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ཚན་མོའུ་ཀྲང་གཞོན་པ་དང་། སྒྱོགས་དམག་རུ་དཔུང་གཉིས་པའི་ཏང་ཨུད་ཀྱི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2006.12-2010.12པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་ཚན་མོའུ་ཀྲང་དང་། སྒྱོགས་དམག་རུ་དཔུང་གཉིས་པའི་ཏང་ཨུད་ཀྱི་རྒྱུན་ཨུད་ཀྱི་འགན་བཞེས།

སྤྱི་ལོ2010.12-2012.10པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པ་དང་། སྤྱི་ཁྱབ་ཇུས་འདོན་པུའི་ཏང་ཨུད་ཀྱི་ཨུ་ཡོན་ཡིན།

སྤྱི་ལོ2012.10-2012.11པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་དམག་སྤྱིའི་འགན་བཞེས།

སྤྱི་ལོ2012.11-2013.3པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་རུ་དཔུང་གཉིས་པའི་དམག་སྤྱི་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2013.3-2015.12པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱོགས་དམག་གི་དམག་སྤྱིའི་འགན་བཞེས།

སྤྱི་ལོ2015.12-2017.9པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་གི་དམག་དཔོན་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ལྷན་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ9པ་ནས་ད་ལྟའི་བར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་། བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་འཐུས་མི་བཅས་ཡིན།

2 དམག་མིའི་གོ་རྟགས་ཀྱི་གནས་ཚུལ།

སྤྱི་ལོ1994ལོར། ཏ་ཞའོ་དམག་མིའི་གོ་རྟགས་བླངས།

སྤྱི་ལོ2004ལོའི་ཟླ7པར། ཧྲའོ་ཅང་དམག་མིའི་གོ་རྟགས་བླངས། 

སྤྱི་ལོ2008ལོའི་ཟླ7པར། ཀྲུང་ཅང་དམག་མིའི་གོ་རྟགས་བླངས།

སྤྱི་ལོ2012ལོའི་ཟླ11པའི་ཚེས23ཉིན། ཧྲང་ཅང་དམག་མིའི་གོ་རྟགས་བླངས།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2017ལོའི་ཟླ9པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་གི་དམག་སྤྱིའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།