ཁྲེན་ཞི།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-31 17:18ལ་འགྲུབ།

ཁྲེན་ཞི།

ཁྲེན་ཞི།
ཁྲེན་ཞི། ཕོ། རྒྱ་རིགས། སྤྱི་ལོ1953ལོའི་ཟླ9པར་ཧྥུའུ་ཅན་ཕུའུ་ཐེན་དུ་སྐྱེས། སྤྱི་ལོ1970ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1978ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་དང་རྫས་འགྱུར་ལས་གྲྭའི་སྡེ་ཁག་གི་འགྱུར་འདེད་སྒུལ་ཤུགས་རིག་པའི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་ཡོན་ཚད་དང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས། ཞིབ་འཇུག་པ་བཅས་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་པུའུ་ཀྲང་གཞོན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈希
བོད་ཡིག་གི་མིང་།
ཁྲེན་ཞི།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྥུའུ་ཅན་ཕུའུ་ཐེན
སྐྱེས་ལོ།
སྤྱི་ལོ1953ལོར།

ཁྲེན་ཞི། ཕོ། རྒྱ་རིགས། སྤྱི་ལོ1953ལོའི་ཟླ9པར་ཧྥུའུ་ཅན་ཕུའུ་ཐེན་དུ་སྐྱེས། སྤྱི་ལོ1970ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1978ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་དང་རྫས་འགྱུར་ལས་གྲྭའི་སྡེ་ཁག་གི་འགྱུར་འདེད་སྒུལ་ཤུགས་རིག་པའི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་ཡོན་ཚད་དང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས། ཞིབ་འཇུག་པ་བཅས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་པུའུ་ཀྲང་གཞོན་པ་བཅས་ཡིན།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1970ལོ་ནས་སྤྱི་ལོ1975ལོའི་བར། ཧྥུ་ཀྲོའུ་སློབ་གྲྭ་ཆེན་མོའི་འཕྲུལ་ཆས་བཟོ་གྲྭའི་བཟོ་པ་ཡིན།

སྤྱི་ལོ1975ལོ་ནས་སྤྱི་ལོ1979ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་བཟོ་ལས་སྡེ་ཁག་ཏུ་གཞི་རྩའི་སྐྱེ་ལྡན་འདྲེས་གྲུབ་ཆེད་ལས་སློབ་སྦྱོང་གནང་།

སྤྱི་ལོ1979ལོ་ནས་སྤྱི་ལོ1979ལོའི་བར། ཧྥུ་ཀྲོའུ་རྫས་འགྱུར་བཟོ་གྲྭ་སྡེ་ཁག་ཏུ་དགེ་རྒན་གྱི་འགན་བཞེས།

སྤྱི་ལོ1979ལོ་ནས་སྤྱི་ལོ1982ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་དང་རྫས་འགྱུར་བཟོ་བཀོད་སྡེ་ཁག་གི་འགྱུར་འདེད་སྒུལ་ཤུགས་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གནང་།

སྤྱི་ལོ1982ལོ་ནས་སྤྱི་ལོ1984ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་དམག་རྩལ་པུའུ་ཡི་པུའུ་ཀྲང་དང་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1987ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་སློབ་གྲྭའི་ཏང་ཨུའི་སློབ་མའི་ལས་དོན་ཁང་གི་པུའུ་ཀྲང་གཞོན་པ་དང་སློབ་གྲྭའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1987ལོ་ནས་སྤྱི་ལོ1990ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། སློབ་མའི་ལས་དོན་པུའུ་ཡི་པུའུ་ཀྲང་། སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1990ལོ་ནས་སྤྱི་ལོ1990ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་དགེ་རྒན་དང་། པེ་ཅིང་སྐད་བརྡ་སློབ་གླིང་གི་དབྱིན་ཡིག་གི་དུས་ཐུང་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།

སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར། ཨ་རིའི་སི་ཐེན་ཧྥུ་སློབ་གྲྭ་ཆེན་མོར་འཚམས་འདྲིའི་རིག་གནས་པ་གནང་།

སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་བཟོ་ལས་སྡེ་ཁག་ཏུ་དགེ་རྒན་དང་སྡེ་ཁག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོ་ནས་སྤྱི་ལོ2000ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། བཟོ་ཚོགས་ཀྱི་ཀྲུའུ་ཞི། ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས། (དེའི་རིང་ལ། སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་དར་མ་དང་གཞོན་ནུའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་། སྤྱི་ལོ1999ལོའི་ཟླ7པར་ཞིབ་འཇུག་པར་བདམས།) 

སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་རྒྱུན་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོ་ནས་སྤྱི་ལོ2008ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (པུའུ་ཀྲང་རིམ་པ་གཞོན་པ།)

སྤྱི་ལོ2008ལོ་ནས་སྤྱི་ལོ2010ལོའི་བར། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོ་ནས་སྤྱི་ལོ2011ལོའི་བར།  ལིའོ་ཉིང་ཞིང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོ་ནས་སྤྱི་ལོ2013ལོའི་བར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་སྤྱི་ལོ2017ལོའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་རུ་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་པུའུ་ཀྲང་གཞོན་པའི་འགན་བཞེས། (པུའུ་ཀྲང་རིམ་པ་རྒན་པ།)

སྤྱི་ལོ2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

2 ལས་འགན་ཁུར་བའི་སྐོར།

སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་དང་། སྐབས་བཅུ་དྲུག་པ་དང་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།