ན་ཁྲི་སྟེགས་ཆུ་མིགསྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-10-13 09:38ལ་འགྲུབ།

ན་ཁྲི་སྟེགས་ཆུ་མིག

གནས་འདིའི་ཆུ་མིག་ལ་ཁུ་ནུ་ཆུ་མིག་དང་ན་ཁྲི་སྟེགས་ཆུ་མིག་ཅེས་པའི་འབོད་སྲོལ་གཉིས་ཡོད་དེ། ཁུ་ནུ་ཆུ་བོའི་བྱང་རྒྱུད་དང་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纳赤台清泉
ལ་ཏིང་གི་མིང་།
na khri stegs chu mig
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་གནས།
1 ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ110དང་གདང་ལ་གྲོང་རྡལ་གྱི་ནུབ་བྱང་དུ་སྤྱི་ལེ310སུ་ཡོད། མཚོ་འཕགས་སྨི3572ཡོད། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ལ 35°52′ 28.28″N དང 94°34′ 4.98″N ཡིན།    གནས་འདིའི་ཆུ་མིག་ལ་ཁུ་ནུ་ཆུ་མིག་དང་ན་ཁྲི་སྟེགས་ཆུ་མིག་ཅེས་པའི་འབོད་སྲོལ་གཉིས་ཡོད་དེ།   ཁུ་ནུ་ཆུ་བོའི་བྱང་རྒྱུད་དང་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་ཡོད།   ཆུ་མིག་འདིའི་འབྱུང་ཁུངས་ནི་མཚོ་འཕགས་སྨི4000གངས་ཆུ་ཡིན་ཡིན་པ་དང་ཁུ་ནུ་རི་རྒྱུད་ཀྱི་ས་འོག་གི་གཡང་གཟར་ཤར་ནུབ་ཕན་ཚུན་རྩུབ་བརྡར་ལས་བྱུང་བ་ཡིན་ཞིང་། ཆུ་རྒྱུན་རིང་བ་དང་ཆུ་མིག་ཧ་ཅང་དྭངས་མོ་ཡིན།  ཆུ་མིག་ཡོད་སར་མཚོ་འཕགས་སྨི3500ཡོད་ནའང་དུས་ཚིགས་བཞི་བོར་དར་ཆགས་རྒྱུ་མེད་ཅིང་།  བཏུང་ན་མིའི་ལུས་ཕུང་ལ་ཕན་པའི་ཚྭ་རིགས་སོགས་ཀྱི་རྒྱུ་ཆ་གལ་ཆེན་འཛོམས་པའི་མཐོ་སྒང་གི་ལྷ་ཆབ་བསིལ་མར་གྱུར་ཡོད། 

2 ​ངག་རྒྱུན།

ལོ་རྒྱུས་ཀྱི་དོན་དངོས་དང་འབྲེལ་བའི་ངག་རྒྱུན་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་གནས་དེར་སྒར་ཁ་བརྒྱབ་སྟེ་སྡོད་པའི་སྐབས་སུ་ཁོ་མོས་ཇོ་བོའི་སྐུ་ཞིག་གནས་དེའི་ན་ཁྲི་སྟེགས་ལྟ་བུ་ཞིག་གི་མཐོ་སར་བཞག་ནས་ཉིན་རྒྱུན་ཕྱག་འཚལ་བ་དང་མཆོད་འབུལ་བྱས་པ་ཡིན་པར་བཤད་ལ།  དེ་དུས་ཁོ་མོས་ཇོ་སྐུ་བཞག་སའི་ཤུལ་དུ་དྭངས་ཤིང་གཙང་བའི་ཆུ་མིག་འདི་འབུར་ནས་ཡོང་བ་ཡིན་ཞིང་ཡུན་གྱི་ས་མིང་ལའང་ན་ཁྲི་སྟེགས་སུ་ཐོགས་པ་ཡིན་པའི་སྐོར་གྱི་ངག་རྒྱུན་འདི་ཡུལ་འདིའི་དམངས་ཁྲོད་དུ་ཁྱབ་ཡོད་པ་རེད།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། ཆུ་མིག མཚོ་ནུབ།