རྒྱལ་རོང་ཚུལ་ཁྲིམས་ཉི་མ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 16:33ལ་འགྲུབ།

རྒྱལ་རོང་ཚུལ་ཁྲིམས་ཉི་མ།

རྒྱལ་རོང་ཚུལ་ཁྲིམས་ཉི་མ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས། འབྲས་སྤུངས་སུ་ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤成尼玛
འཁྲུངས་ཡུལ།
མདོ་སྨད་རྒྱལ་མོ་ཚ་བ་རོང་།
མི་རིགས།
བོད་རིགས།
གྲུབ་མཐའ།
དགེ་ལུགས།
བླ་མ་གཙོ་བོ།
སྤྲུལ་སྐུ་ཡེ་ཤེས་བསྟན་འཛིན།
1 ངོ་སྤྲོད་རགས་བསྡུས།

རྒྱལ་རོང་ཚུལ་ཁྲིམས་ཉི་མ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས། འབྲས་སྤུངས་སུ་ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། ཚེ་མཆོག་གླིང་གི་སྤྲུལ་སྐུ་ཡེ་ཤེས་བསྟན་འཛིན་གྱི་ཞབས་ལ་གཏུགས་ཤིང་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དམ་པ་ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད། ཁོང་གི་གསུང་རྩོམ་ལ 《དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བ་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས》དང《ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག》《སྐྱེས་ཚོམས་སྦྱར་བའི་ལམ་བསྒྲིགས་ནོར་བུའི་ཕྲེང་བ》བཅས་པོད་ཆུང་གཅིག་བཞུགས་སོ། །