འཇམ་དབྱངས་ཕུན་ཚོགས།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 16:32ལ་འགྲུབ།

འཇམ་དབྱངས་ཕུན་ཚོགས།

ཨ་མཆོག་འཇམ་དབྱངས་ཕུན་ཚོགས་ནི་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས་པ་ཡིན། ཁོང་གཞོན་ནུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཤིང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་རྣམས་ལ་སློབ་གཉེར་ནན་ཏན་དུ་མཛད་ཅིང་ཚོགས་ཆོས་ཀྱང་ཆག་མེད་དུ་འགྲིམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
降杨彭措
མཚན་དངོས།
ཨ་མཆོག་འཇམ་དབྱངས་ཕུན་ཚོགས།
འཁྲུངས་ཡུལ།
མདོ་སྨད་རྒྱལ་མོ་ཚ་བ་རོང་།
མི་རིགས།
བོད་རིགས།
གྲུབ་མཐའ།
དགེ་ལུགས།
1 ངོ་སྤྲོད་རགས་བསྡུས།

ཨ་མཆོག་འཇམ་དབྱངས་ཕུན་ཚོགས་ནི་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས་པ་ཡིན། ཁོང་གཞོན་ནུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཤིང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་རྣམས་ལ་སློབ་གཉེར་ནན་ཏན་དུ་མཛད་ཅིང་ཚོགས་ཆོས་ཀྱང་ཆག་མེད་དུ་འགྲིམས། བྲག་དགོན་པའི་ཁྲི་ཟུར་ནས་མདོ་སྔགས་ཀྱི་འཆད་ཉན་བསྐྱངས། མགོན་བཀའ་བཅུ་གསུམ་དང་རྣམ་སྲས་བཀའ་བཅོ་ལྔ་སོགས་བཀའ་ཆོས་འགའ་ཞིག་གསན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་ཕེབས་ཤིང་ཁྲི་རབས་བཅུ་པ་ཡིན། ཨ་མཆོག་ལམ་རིམ་གྱི་ཁྲི་ལ་བཞུགས་ཤིང་འགྲིག་ཡིག་གི་ས་བོན་བྲིས། གཏོར་ཆེན་ལ་དག་ཐེར་དང་འཇམ་དཔལ་གསང་ལྡན་གྱི་དབང་སོགས་བཀའ་ཆོས་དུ་མ་གནང་།