ཚ་བའི་ངོ་བོ་ལ་འཚོལ་ཞིབ་བྱེད་པ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-25 16:18ལ་འགྲུབ།

ཚ་བའི་ངོ་བོ་ལ་འཚོལ་ཞིབ་བྱེད་པ།

ཚ་བའི་ངོ་བོ་ལ་འཚོལ་ཞིབ་བྱེད་པ།
ཚ་བ་ནི་ཅི་ཞིག་ཡིན་པའི་ཐད་ལ་ལོ་རྒྱུས་སྟེང་ལྟ་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་ཚ་བའི་དངོས་རྫས་སྨྲ་བ (ཚ་རྫས་སྨྲ་བ )དང་ཅིག་ཤོས་ནི་ཚ་བའི་འགུལ་སྐྱོད་སྨྲ་བ (ཚ་འགུལ་སྨྲ་བ)ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
探索热的本质
1 ཚ་རྫས་སྨྲ་བ་དང་ཚ་འགུལ་སྨྲ་བ། 

ཚ་བ་ནི་ཅི་ཞིག་ཡིན་པའི་ཐད་ལ་ལོ་རྒྱུས་སྟེང་ལྟ་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་ཚ་བའི་དངོས་རྫས་སྨྲ་བ (ཚ་རྫས་སྨྲ་བ )དང་ཅིག་ཤོས་ནི་ཚ་བའི་འགུལ་སྐྱོད་སྨྲ་བ (ཚ་འགུལ་སྨྲ་བ)ཡིན།

F.ཕེར་ཀིན། R.པོ་ཡུ་ལེ། R.ཏེ་ཁཱར། R.ཧའོ་ཁེ། I.ཉིའུ་ཏུན། D.པེར་ནོ་ལི། M.Bལུའི་མེང་ནའོ་སུའོ་ཧྥུ་སོགས་ཀྱིས་གཙུབ་བརྡར་ལས་ཚ་བ་བྱུང་བའི་སྣང་ཚུལ་གཞིར་བཟུང་ནས། ཚ་བ་ནི་རིལ་རྡུལ་འགུལ་སྐྱོད་ཀྱི་མངོན་ཚུལ་ཡིན་པ་དང་། དངོས་གཟུགས་ནི་རིལ་རྡུལ་འགུལ་སྐྱོད་ཛ་དྲག་བྱས་པ་ལས་ཚ་བ་བྱུང་བར་འདོད། འོན་ཀྱང་། ཁོ་ཚོའི་དུས་རབས་སུ། ལྟ་ཚུལ་འདིར་དངོས་བཤེར་གྱི་བདེན་དཔང་གསལ་བོ་ཞིག་མེད།

ལྟ་ཚུལ་དེ་དང་འགལ་བའི་ལྟ་ཚུལ་གཞན་ཞིག་ནི་ཚ་རྫས་སྨྲ་ཡིན། ཁོ་ཚོའི་བསམ་པར། ཚ་བ་ནི་རྒྱུག་རྫས་ཀྱི་རིགས་ཤིག་ཡིན་ལ། དེའི་མིང་ལ་ཚ་རྫས་ཟེར་བ་དང་། དངོས་གཟུགས་ཤིག་གྲང་བའམ་ཚ་བ་ཡིན་མིན་དེ་ཚ་སྤུས་ཀྱི་མང་ཉུང་གིས་ཐག་གཅོད་བྱས་ཆོག་སྟེ། དངོས་གཟུགས་དྲོད་ཚད་ཀྱི་འགྱུར་ལྡོག་ནི་ཚ་སྤུས་བསྡུ་ལེན་དང་ཕྱིར་གཏོང་བྱས་པའི་རྐྱེན་གྱིས་ཡིན་ལ། ཚ་བ་བརྒྱུད་སྤྲོད་ནི་ཚ་རྫས་ཀྱི་རྒྱུག་འགུལ་དང་ཁྱང་སྤེལ་ཡིན་ཞིང་། ཚ་སྦོས་ནི་ཚ་རྒྱུ་རིལ་རྡུལ་ཕན་ཚུན་བར་འཕུད་རེས་བྱས་པ་ལས་བྱུང་བ་སོགས་ཡིན།

འོན་ཀྱང་། ཚ་རྒྱུ་སྨྲ་བས་རུམ་ཧྥོར་ཏི་ཡི་སྒྱོགས་མདོང་དཀྲུག་ཁུང་དངོས་བཤེར་ལ་འགྲེལ་བཤད་བྱེད་དཀའ།

.jpg

དཔེ་རིས་དང་པོ། རུམ་ཧྥོར་ཏི་སྒྱོགས་མདོང་དཀྲུག་ཁུང་དངོས་བཤེར།

2 རུམ་ཧྥོར་ཏིའི་དངོས་བཤེར། 

དབྱིན་ཇུའི་ཚན་རིག་པ་པིན་ཅེ་མིན་ཐང་ཕུའུ་སིན་གྱིས་འཇར་མན་གྱི་མའོ་ཉེ་ཧེལ་དམག་ལས་བཟོ་གྲྭའི་ནང་སྒྱོགས་མདོང་ལ་ཁུང་དཀྲུགས་སྐབས། འབིག་མགོ་དང་རྣོ་ལྕགས་གཙུབ་བརྡར་ལས་ཚ་བ་ཆེན་པོ་བྱུང་བ་ཤེས། ཚ་རྫས་སྨྲ་བ་གཞིར་བཟུང་ནས། འབིག་མགོ་ཇི་ལྟར་རྣོ་ན་ལྕགས་སྙིགས་གཏུབ་པ་དེ་ལྟར་ཆུང་ཞིང་། དེ་དག་གིས་ཉར་ཚགས་བྱེད་ཐུབ་པའི་ཚ་རྫས་དེ་ཙམ་གྱིས་ཉུང་བ་དང་། ཕྱིར་གཏོང་བྱས་པའི་ཚ་རྫས་དེ་ཙམ་གྱིས་མང་ལ། འཁྱགས་ཆུ་འཁོལ་དུ་འཇུག་པ་དེ་ལ་མགྱོགས། འོན་ཀྱང་། རོམ་ཧྥོར་ཏི་ཡིས་འབིག་མགོ་རྟུལ་ནང་སྔར་བཞིན་ཚ་བ་མང་པོ་འབྱུང་བ་ཤེས་པ་མ་ཟད། ཁོས་ད་དུང་འབིག་གིས་ཁུང་བུ་ལས་སྣོན་བྱེད་སྐབས་ཚ་ནུས་ནི་རྫོགས་མཐའ་མེད་པ་ཞིག་ཡིན་པ་ཤེས།

རིམ་ཧྥོར་ཏིས་ལྟ་ཞིབ་དང་དངོས་བཤེར་ཡང་ཡང་བྱས་མཐར། སྤྱི་ལོ1798ལོས་ཁོས་ཞིབ་འཇུག་འབྲས་བུ་དེ་ཁྱབ་བསྒྲགས་བྱས་ཤིང་། ཁོས་གསལ་བོར་བསྟན་དོན། དངོས་བཤེར་འདི་དག་ལས་བྱུང་བའི་ཚ་བ་དེ། འགུལ་སྐྱོད་ཅིག་ཏུ་ངོས་འཛིན་དགོས་པ་ལས། དངོས་པོ་གཞན་པ་གང་རུང་ལ་ངོས་འཛིན་བྱེད་དཀའ་བ་རེད།

འོན་ཀྱང་། དེ་དག་དེ་འདྲའི་སླ་མོ་ཞིག་མ་ཡིན། རོམ་ཧྥོར་ཏིའི་དངོས་བཤེར་གྱིས་ཚད་ངེས་ཚད་འཇལ་བྱེད་དཀའ་བའི་རྐྱེན་གྱིས་ཁོའི་དངོས་བཤེར་ལ་བློ་འགུག་གི་ནུས་པ་ཆེན་པོ་རེད། དུས་རབས19པའི་ལོ་རབས40པར་སླེབས་དུས། དབྱིན་ཇུའི་ཚན་རིག་པ་ཅོར་གྱིས་གྲངས་ཚད་གཏན་འཁེལ་གྱི་དངོས་བཤེར་བྱས་པ་དེས་ཚ་འགུག་སྨྲ་བའི་རྒྱལ་ཁ་ལ་རྫོགས་ཚིག་བཀོད།


བརྡ་འགྲེལ་གདོང་འཛར།

ཚ་རྫས་སྨྲ་བ། ཚ་འགུལ་སྨྲ་བ།