ཚུལ་ཁྲིམས་རྒྱལ་མཚན།སྔ་མའི་པར་གཞི་དེ འབྲུག་རྩེ། ནས 2017-09-25 16:33ལ་འགྲུབ།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་འཁྲུངས་ཡུལ་རྒྱལ་རོང་གདུང་རུས་སྒ་རིགས་ཡིན། དབུས་གཙང་སྟོད་བྱོན་བཞད་ཀྱི་དར་ལྡིང་དུ། ཞང་སྟོན་བསོད་རིན་ལ་བསྟེན་འདུལ་ཁྲིམས་སོགས། མདོ་སྔགས་བོན་ནོད་གཞུང་བཤད་སྦྱངས་མཐར་བཅད། དབེན་ས་ཁ་དང་དཔལ་ལྡན་བཟང་པོ་རི། དབུས་ཀྱི་གསང་ཕུ་གཙང་གི་སྣར་གཏམ་སོགས། རང་གཞན་གྲྭ་ས་ཀུན་ཏུ་གྲྭ་སྐོར་མཛད། དེ་རྗེས་རྫོགས་ཆེན་པོད་གཟིགས་ཉམས་བླངས་ཏེ། ཀུན་སྤངས་བྱ་བྲལ་མཛད་ཅིང་གཤེགས་བསྐྱོད་ཚེ། མཁར་གསིལ་གང་ཙམ་ས་བླང་ལྡིང་སོགས་ཀྱི། ལོ་རྒྱུས་ཡོད་ཅིང་སྐུ་ཚེ་ཐ་མ་ནི། སྒྲུབ་གནས་ཕུག་པར་བྱ་འཕུར་བཞིན་དུ་གཤེགས། མཁས་ཆེན་ཐམས་ཅད་རྩོད་པས་ཕམ་པར་བྱས་ལ། འདུལ་མཛོད་ས་ལམ་ཐེག་རིམ་ཕར་ཕྱིན་སོགས། གཞུང་དང་འགྲེལ་པ་ཟབ་བཤད་མང་དུ་མཛད། བཞེད་པ་ཕྱོགས་འཐེན་གྲུབ་མཐའི་རྩལ་བཏོན་སོགས། དགག་དང་བཞག་པའི་རྣམ་གཞག་ཤན་འབྱེད་བརྩམས།