གྲུབ་ཐོབ་བསྟན་པ་རྒྱལ་མཚན།སྔ་མའི་པར་གཞི་དེ འབྲུག་རྩེ། ནས 2017-09-25 16:02ལ་འགྲུབ།
གྲུབ་ཐོབ་བསྟན་པ་རྒྱལ་མཚན་ནི་རྒྱལ་མོ་རོང་ཡུལ་དུ་འཁྲུངས། སྐུ་བླ་ལྷ་གཉན་གཉན་ཆེན་དམུ་རྡོའི་ལྷོ། གཡུང་དྲུང་རིང་མོའི་གནས་སུ་བཞུགས། སྟོད་གནས་ཡོངས་སུ་མཇལ་བསྐོར་སྒྲུབ་འབྲེལ་བཞག དེ་ནས་ལྷོ་བྲག་སྐུ་འབུམ་བོན་རི་དང་། ཤེ་ལེ་རྒྱ་སྐར་ཁ་བ་དཀར་པོ་སོགས། གནས་ཆེན་རྣམས་འགྲིམ་རྒྱལ་མོ་དམུ་རྡོའི་གནས། གཡུང་དྲུང་རིང་མོར་རྩེ་གཅིག་སྒོམ་སྒྲུབ་མཛད། དབུས་གཙང་དུ་བྱོན་སྨན་རི་སྐུ་མདུན་དང་། བྲུ་ཞུ་སྤ་རྨེའུ་ལ་སོགས་དམ་པ་ཀུན། བསྟེན་ནས་མདོ་སྔགས་དབང་ཁྲིད་གདམས་པ་ཞུས། ཁྱད་པར་འབྲུ་སྒོམ་ཉི་མ་འོད་ཟེར་མདུན། ཐེག་ཆེན་ཉམས་བརྒྱུད་ཡོངས་རྫོགས་ཟབ་བཞེས་གནང་།