གཏེར་སྟོན་ཆུ་འཕོ་རྟོགས་ལྡན།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 16:02ལ་འགྲུབ།

གཏེར་སྟོན་ཆུ་འཕོ་རྟོགས་ལྡན།

གཏེར་སྟོན་ཆུ་འཕོ་རྟོགས་ལྡན་ནི་འབར་ཁམས་རྫོང་འགག་ཆུ་འཕོ་ས་ཆར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་དང་། འཁྲུངས་ལོ་དང་འདས་ལོ་སོགས་ཞིབ་པར་མ་རྙེད་ཀྱང་། གང་ཉིད་རྗེ་གཡུ་སྒྲ་སྙིང་པོ་དང་དུས་མཉམ་ཡིན་པས་སྤྱི་ལོ་བདུན་བརྒྱ་དང་དྲུག་བཅུའི་ཡས་མས་སུ་འཁྲུངས་པར་མངོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德夺自波•多顿
མཚན་དངོས།
དགེ་འདུན་རྒྱལ་མཚན་དང་གསང་མཚན་བདུད་འདུལ་རྡོ་རྗེ།
འཁྲུངས་ཡུལ།
མདོ་སྨད་རྒྱལ་རོང་རྫོང་འགག་ཡུལ།
མི་རིགས།
བོད་རིགས།
གྲུབ་མཐའ།
དགེ་ལུགས།
བླ་མ་གཙོ་བོ།
བེེ་རོ་ཙ་ན།
1 ངོ་སྤྲོད་རགས་བསྡུས།

གཏེར་སྟོན་ཆུ་འཕོ་རྟོགས་ལྡན་ནི་འབར་ཁམས་རྫོང་འགག་ཆུ་འཕོ་ས་ཆར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་དང་། འཁྲུངས་འདས་ལོ་ཚིགས་སོགས་ཞིབ་པར་མ་རྙེད་ཀྱང་། གང་ཉིད་རྗེ་གཡུ་སྒྲ་སྙིང་པོ་དང་དུས་མཉམ་ཡིན་པས་སྤྱི་ལོ་བདུན་བརྒྱ་དང་དྲུག་བཅུའི་ཡས་མས་སུ་འཁྲུངས་པར་མངོན།      གང་ཉིད་སྐུ་ཆུང་དུས་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་ཡི་གེ་འབྲི་ཀློག་སོགས་ཀྱང་ཚེགས་ཆུང་ངུས་མཁྱེན། ནར་སོན་ནས་སློབ་དཔོན་བེེ་རོ་ཙ་ནའི་སྐུ་དྲུང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་དགེ་འདུན་རྒྱལ་མཚན་དང་གསང་མཚན་བདུད་འདུལ་རྡོ་རྗེ་ཞེས་གསོལ། ཁྱད་པར་དུ་རྗེ་གཡུ་སྒྲ་སྙིང་པོ་དང་མཉམ་དུ་རྗེས་སུ་བཟུང་བས། གསན་བསམ་སྒོམ་གསུམ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་ཞི་གནས་དང་ལྷག་མཐོང་སོགས་ཟབ་ཆོས་དུ་མ། ཁྱད་པར་དུ་གསང་སྔགས་གཙོར་གྱུར་པའི་ཐུགས་དམ་ཀྱི་རིམ་པ་ལ་འབད་དེ་རིམ་བཞིན་བསྐྱེད་རིམ་དང་རྫོགས་རིམ།རྫོགས་པ་ཆེན་པོའི་བར་གྱི་མཉམ་བཞེས་མཐར་ཕྱིན་པར་མཛད། སློབ་དཔོན་བེེ་རོ་ཙ་ནས་ཚ་ཁོ་རྒྱལ་པོ་མདོ་བཞེས་ནག་པོའི་རེ་འདོད་ལྟར་ཆུ་འཕོའི་ལུང་བར་མདོ་ཡི་དགོན་པ་ནོར་བུ་གླིང་ཞེས་བྱ་བ་ཕྱག་འདེབས་མཛད། དེར་རྗེ་གཡུ་སྒྲ་སྙིང་པོ་གཙོར་མཛད་དུ་བཅུག ཁྲོ་ཆུའི་ས་ཆར་སྔགས་ཀྱི་དགོན་པ་བདུད་འདུལ་བདེ་ཆེན་གླིང་བྱ་བ་ཕྱག་འདེབས་མཛད།