འཇམ་དཔལ་ཀརྨ་ཤེས་རབ་རྒྱལ་མཚན།སྔ་མའི་པར་གཞི་དེ འབྲུག་རྩེ། ནས 2017-09-25 16:02ལ་འགྲུབ།
འཇམ་དཔལ་ཀརྨ་ཤེས་རབ་རྒྱལ་མཚན་ནི་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་དུ་གྱུར་པ་ཤར་རྒྱལ་མོ་ཚ་བ་རོང་ཞེས་ལོ་ཆེན་བེེ་རོ་ཙ་ནས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཆེན་འབར་ཁམས་སྒོ་ཡག་སྡེ་བར་བྷེ་རེ་ཞེས་པའི་ཁྱིམ་དུ་སྐུ་བལྟམས། ཀཿ ཐོག་རྨོག་རྩ་མཆོག་གིས་ཁོང་ཉིད་ནི་ཀཿ ཐོག་མེས་དཔོན་ཀ་དམ་པ་བདེ་གཤེགས་ཀྱི་སྲས་ཀྱི་ཐུ་བོ་ཐོས་ཆོག་རྣམ་གསུམ་ཞེས་གྲགས་པའི་སྤྲུལ་སྐུ་ཡིན་པར་ངོས་འཛིན་མཛད་དེ་མཚན་ལ་འཇམ་དཔལ་ཞེས་གསོལ། ཁོང་ཉིད་དགུང་ལོ་ཕྲ་དུས་མཁས་པའི་ཡང་རྩེར་སོན་པ་མི་ཉག་མཁན་ཆེན་ཆོས་ཀྱི་གྲགས་པ་མཆོག་གི་མདུན་ལས་རབ་བྱུང་གི་སྡོམ་པ་བཞེས། དེ་ནས་བཀའ་དྲིན་མཆོག་ཏུ་གྱུར་པ་མཁན་ཆེན་ཆོས་ཀྱི་གྲགས་པ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ། ལོ་བཅུ་ལྷག་གི་རིང་དུ་གཞུང་ཆེན་ལྔ་དང་ཐུགས་རྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པར་གསན་སྦྱངས་མཛད།