ཤེས་རབ་དཔལ་བ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 16:00ལ་འགྲུབ།

ཤེས་རབ་དཔལ་བ།

ཤེས་རབ་དཔལ་བ་ནི་འབར་ཁམས་རྫོང་གི་དམ་བྷ་ཡུལ་ཚོའི་ཡིན། ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྒྱལ་ཚབ་ཏུ་ཀཿ ཐོག་དགོན་དུ་རྡོ་རྗེ་སློབ་དཔོན་མཛད་ཡོད་པ་དང་། གཞན་ཡང་བླ་མ་བསྟན་འཕེལ། ཨ་ཁར་བླ་མ་ཡོན་ཏན། ཨ་འབྲིག་རྩ་བླ་མ་བསྟན་པ་དར་རྒྱས་སོགས་བསྟེན་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
希热巴瓦
མཚན་དངོས།
ཤེས་རབ་དཔལ་བ།
འཁྲུངས་ཡུལ།
རྒྱལ་རོང་འབར་ཁམས་རྫོང་གི་དམ་བྷ་ཡུལ་ཚོ།
མི་རིགས།
བོད་རིགས།
གྲུབ་མཐའ།
རྙིང་མ།
བླ་མ་གཙོ་བོ།
བསྟན་འཕེལ་བླ་མ་པདྨ་འོད་ཟེར།
1 ངོ་སྤྲོད་རགས་བསྡུས།

ཤེས་རབ་དཔལ་བ་ནི་འབར་ཁམས་རྫོང་གི་དམ་བྷ་ཡུལ་ཚོའི་ཡིན། ཁོང་གི་སྐུ་ཕྲེང་ནི། དང་པོ་རྐ་བ་དཔལ་རྩེགས། ཤེས་རབ་དཔལ་བ། ཨོ་རྒྱན་བསམ་འགྲུབ། ཨ་ལི་རིག་འཛིན་རྒྱ་མཚོ། དགེ་ལེགས་དཔལ་འབྱོར། མཁན་རིག་རྒྱ་མཚོ། དེའི་ཡང་སྲིད་ཀུན་བཟང་བསྟན་པའི་རྒྱལ་མཚན་ཡིན། ཀུན་བཟང་བསྟན་པའི་རྒྱལ་མཚན་མཆོག་འབར་ཁམས་གཡུ་འབྲུག་སྡེ་བ་རུ་ཡབ་འཇམ་ལོ་དང་ཡུམ་གཟུངས་ཐར་གཉིས་ཀྱི་སྲས་སུ་འཁྲུངས། ཀཿ ཐོག་བསྟན་པའི་བདག་པོ་སྤྲུལ་རྨོག་རྩ་རིན་པོ་ཆེ་ནས་ཁོང་ཉིད་མཁན་རིག་འཛིན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དོ། ། ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྒྱལ་ཚབ་ཏུ་ཀཿ ཐོག་དགོན་དུ་རྡོ་རྗེ་སློབ་དཔོན་མཛད་ཡོད་པ་དང་། གཞན་ཡང་བླ་མ་བསྟན་འཕེལ། ཨ་ཁར་བླ་མ་ཡོན་ཏན། ཨ་འབྲིག་རྩ་བླ་མ་བསྟན་པ་དར་རྒྱས་སོགས་བསྟེན་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཤེས་རབ་དཔལ་བས་ཚ་ཁོ་ས་ཐོག་ཏུ་ཀཿ ཐོག་གི་ས་ཆའི་དབྱིབས་དང་འདྲ་བ་ཞིག་གཟིགས་ནས་དེར་རི་ཁྲོད་ཞིག་བཏབ། འགྲོ་དོན་གྱི་དབང་གིས་ཡུན་རིང་བཞུགས། མཐར་གནས་དེ་ཉིད་དུ་གདུལ་བྱ་རྣམས་ཀྱི་སྣང་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན། དམ་པ་འདིའི་སྐུ་གདུང་མཆོད་རྟེན་དེང་སང་ཅོག་ཙེ་ར་ཅོ་སྡེ་བའི་ཚ་ཁོ་དགོན་དུ་མཇལ་རྒྱུ་ཡོད།