རོང་ཆེན་དགེ་འདུན་རྒྱལ་མཚན།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 15:03ལ་འགྲུབ།

རོང་ཆེན་དགེ་འདུན་རྒྱལ་མཚན།

རོང་ཆེན་དགེ་འདུན་རྒྱལ་མཚན་ནི་མདོ་སྨད་བཞག་ཤོད་ཅེས་པའི་སར་སྤྱི་ལོ1374ལོར་སྐུ་འཁྲུངས། སྤྱི་ལོ1389ལོར་དབུས་སུ་བྱོན། ཞྭ་ལུར་ཁྱུང་པོ་ལྷས་པ་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་རྣམས་ལྷན་དུ་གསན། ལྗགས་མདོག་སྔོན་པོ་ལ་ཨ་ཡིག་གསལ་བས་ལྗགས་ནག་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格登坚参
མཚན་དངོས།
ཆོས་འབུམ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1374-1450)
འཁྲུངས་ཡུལ།
མདོ་སྨད་རྒྱལ་རོང་ཡུལ།
མི་རིགས།
བོད་རིགས།
གྲུབ་མཐའ།
རྙིང་མ།
བླ་མ་གཙོ་བོ།
ཁྱུང་པོ་ལྷས་པ།
1 ངོ་སྤྲོད་རགས་བསྡུས།

དགེ་འདུན་རྒྱལ་མཚན་ནི་མདོ་སྨད་བཞག་ཤོད་ཅེས་པའི་སར་སྤྱི་ལོ1374ལོར་འཁྲུངས། རྗེ་འཁྲུངས་ནས་ལོ་བཅོ་བརྒྱད་པ་ཡིན། མཚན་ལ་ཆོས་འབུམ་དུ་བཏགས།  ལྗགས་མདོག་སྔོན་པོ་ལ་ཨ་ཡིག་གསལ་བས་ལྗགས་ནག་པར་གྲགས། བཅུ་དྲུག་པ་ས་སྦྲུལ་ལོ་ལ་གཙང་དུ་ཕེབས་ནས་ཞྭ་ལུར་ཁྱུང་པོ་ལྷས་པ་བསྟེན། རྗེ་ལ་རབ་བྱུང་དང་ཆོས་བཀའ་མང་དུ་ཞུས། སྤྱི་ལོ1393ལོར་རྒྱ་སོག་ཕུར་རྗེའི་དྲུང་ནས་བསྙེན་པར་རྫོགས། རྭ་སྒྲེང་དུ་བླ་མ་ལོ་ཙཱ་བ་ལ་གསང་འདུས་ཀྱི་ཁྲིད་ཞུས། གཙང་ནས་སྟོད་ལུང་བར་རྗེའི་ཕྱག་ཕྱི་མཛད།  རྗེ་དགུན་བཞུགས་མཛད་རིང་གསང་འདུས། བདེ་མཆོག ཀྱེེ་རྡོར། གཤེད་སྐོར་སོགས་རྒྱུད་སྡེ་མང་པོའི་དབང་ཁྲིད་ཞུས། སྤྱི་ལོ1411ལ་རང་ཡུལ་དུ་དགོན་པ་འདེབས་པ་དང་། དགོན་གནས་སོགས་ལུང་བསྟན། ཆུ་འབྲུག་སྤྱི་ལོ1412ལོར་ཀཱ་ལ་རིའི་གཙུག་ལག་ཁང་བཞེངས། དབུས་ནས་ཐང་སྟོང་རྒྱལ་པོའི་བུ་བརྒྱུད་ཡེ་ཤེས་བཟང་པོ་སོགས་སློབ་མ་བཅུ་དྲུག་བྱུང་བ་ལ་གདམས་པ་བསྩལ།  སྤྱི་ལོ1450ལོར་སྐུ་གཤེགས།