ཀཿམཆོག་དགོན་པ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 15:05ལ་འགྲུབ།

ཀཿམཆོག་དགོན་པ།

དགོན་པ་འདི་ནི་འབར་ཁམས་རྫོང་སོ་མང་འབུར་ཁྱུ་སྡེ་བར་ཡོད། རབ་བྱུང་སྔོན་གྱི་སྤྱི་ལོ900ཙམ་ལ་གསར་འདེབས་བྱས་ཟེར་བའི་བཤད་སྲོལ་ཡོད། གསར་འདེབས་བྱེད་མཁན་རིག་འཛིན་ཀུན་བཟང་ཤེས་རབ་ཁོང་རྒྱ་གར་རྡོ་རྗེའི་གདན་ནས་ཕེབས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
干木足寺
ལ་ཏིང་གི་མིང་།
kam mchog dgon ba
བཞེངས་མཁན།
རིག་འཛིན་ཀུན་བཟང་ཤེས་རབ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོ་འབུར་ཁྱུ་སྡེ་བ།
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
རིགས་དབྱེ།
རིག་རྫས་སྲུང་སྐྱོང་།
སྲུང་སྐྱོབ་རིམ་ཚད།
རྫོང་རིམ་པའི་སྲུང་སྐྱོབ།
གནས་ཡུལ།
འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོ་འབུར་ཁྱུ་སྡེ་བ།
མཚོ་འཕགས།
སྨི3000ཡོད།
རྒྱ་ཁྱོན།
སྨི་གྲུ་བཞི་མ700ལྷག་ཡོད།
གྲུབ་མཐའ།
རྙིང་མ།
རྟེན་གཙོ་བོ།
སློབ་དཔོན་པད་འབྱུང་དང་སྒྲོལ་མ། ཚེ་དཔག་མེད། འོད་དཔག་མེད། སྤྱན་རས་གཟིགས་ཕྱག་བཞི་པ་བཅས་ཡོད།
དུས་མཆོད།
སྨོན་ལམ་ཆེན་པོ། འཛམ་གླིང་སྤྱི་བསང་། སྨྱུང་གནས།
1 ངོ་སྤྲོད་རགས་བསྡུས།

དགོན་པ་འདི་ནི་འབར་ཁམས་རྫོང་སོ་མང་འབུར་ཁྱུ་སྡེ་བར་ཡོད། རབ་བྱུང་སྔོན་གྱི་སྤྱི་ལོ900ཙམ་ལ་གསར་འདེབས་བྱས་ཟེར་བའི་བཤད་སྲོལ་ཡོད། གསར་འདེབས་བྱེད་མཁན་རིག་འཛིན་ཀུན་བཟང་ཤེས་རབ་ཁོང་རྒྱ་གར་རྡོ་རྗེའི་གདན་ནས་ཕེབས་ཟེར། གྲུབ་མཐའ་གསང་སྔགས་རྙིང་མའི་ཕྱག་སྲོལ་ཡིན་ལ། བཤད་སྒྲུབ་ཆོས་སྤྱོད་ཀྱི་ཚུལ་ཡང་སྨྱུང་གནས་ཆོས་སྤྱོད་སོགས་འཛུགས་བཞིན་པའོ། །

2 མཁན་རབས།

དགོན་སྡེ་འདི་སྐྱོང་བའི་མཁན་རབས་ནི། དང་བོ། རིག་འཛིན་ཀུན་བཟང་ཤེས་རབ། གཉིས་པ། ཨ་ཙ་བླ་མ་དྲི་མེད། གསུམ་པ། ཆུ་ཆེན་བླ་མ། བཞི་བ། ཨ་གནམ། ལྔ་བ། ཨ་འདའ། དྲུག་པ། ཨ་མཚོ་མཁས། བདུན་པ། ཨ་གཡས། བརྒྱད་པ། ཏཱ་བྱ་ལ། དགུ་བ། ངའ་གྲ། བཅུ་བ། ཨ་གོ་ཅན། བཅུ་གཅིག་པདྨ་ཚུལ་ཁྲིམས་སོ་མང་དུ་འཁྲུངས་ནས་དགོན་སྡེ་རིམ་པར་ཕྱག་སྐྱོང་གནང་བའོ། ། འདིར་བཞུགས་པའི་བླ་གྲྭ་ནི་སྔོན་ཆད50ལྷག་དང་ད་ལྟ30བཞུགས་སོ། ། མ་དགོན་ནི་སྡེ་དགེ་དཔལ་ཡུལ་དགོན་ཆེན་ཡིན། སྤྱི་ལོ1987ལོར་འབར་ཁམས་རྫོང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་བའོ། །

དཔྱད་གཞིའི་ཡིག་ཆ།