ལྷ་ཚེ་དགོན་པ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 15:37ལ་འགྲུབ།

ལྷ་ཚེ་དགོན་པ།

ལྷ་ཚེ་དགོན་པ་ནི་སྤྱི་ལོ1414ལོར་གསར་དུ་བཏབ་པ་ཡིན། སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་གསར་རྫོང་ཡུལ་ཚོར་བཞུགས་ཡོད། བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉则寺
ལ་ཏིང་གི་མིང་།
lha tshe dgon ba
མིང་གཞན་།
ལྷ་ཚེ་བཀྲ་ཤིས་གླིང་།
བཞེངས་ལོ།
སྤྱི་ལོ1414ལོར།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་གསར་རྫོང་ཡུལ་ཚོ།
ཆགས་ཡུལ།
རྔ་བ་ཁུལ་འབར་ཁམས་རྫོང་གསར་རྫོང་ཡུལ་ཚོ།
རྒྱ་ཁྱོན།
སྨི་གྲུ་བཞི་མ2700ཡོད།
རྟེན་གཙོ།
སྟོན་པའི་སྐུ་དང་མར་པ་ལོ་ཙཱ་བ། མི་ལ་རས་པ་བཅས་བཞུགས་སོ། །
དུས་མཆོད།
ཀུན་རིག་སྒྲུབ་མཆོད། སྨྱུང་གནས། གུ་རུ་རྡོ་རྗེ་གྲོ་ལོད་གཏོར་རྒྱག
གྲུབ་མཐའ།
བཀའ་བརྒྱུད།
1 ངོ་སྤྲོད་རགས་བསྡུས།

དགོན་པ་འདི་ནི་སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་གསར་རྫོང་ཡུལ་ཚོར་བཞུགས་ཡོད། སྤྱི་ལོ1414ལོར་གསར་དུ་བཏབ། བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན། དགོན་པའི་བླ་རབས་རིམ་བྱོན་ནི་སྐུ་ཕྲེང་དང་བོ་ཀརྨ། སྐུ་ཕྲེང་གཉིས་པ་འཕྲིན་ལས་ཉི་མ་བཅས་ཀྱིས་ཕྱག་སྐྱོང་གནང་བ་ཡིན། དཔྱིད་ཟླ་གཉིས་པའི་ཚེས་བཅུ་ནས་བཅོ་ལྔའི་བར་ཚོགས་མཆོད། ཟླ་བ་བཞི་བའི་ཚེས་ལྔ་ནས་བཅོ་ལྔའི་བར་ཀུན་རིག་སྒྲུབ་མཆོད་དང་སྨྱུང་གནས།  ཟླ་བཅུ་གཅིག་པའི་ནང་གུ་རུ་རྡོ་རྗེ་གྲོ་ལོད་གཏོར་རྒྱག དགོན་པའི་ལྷ་སྡེ་ནི་འབར་ཁམས་རྫོང་གི་གསར་རྫོང་ཡུལ་ཚོ་ཡིན། སྔོན་བླ་གྲྭ15དང་ད་ལྟ6ལྷག་བཞུགས། སྤྱི་ལོ1983ལོར་འབར་ཁམས་རྫོང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་བའོ། ། འབར་ཁམས་རྫོང་དང་བར་ཐག་ལ་སྤྱི་ལེ76ཡོད།