སྐལ་བཟང་ཚེ་བརྟན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2017-09-19 16:48ལ་འགྲུབ།

སྐལ་བཟང་ཚེ་བརྟན།

ཁོང་ནི་མཚོ་སྔོན་རྨ་ལྷོ་ས་ཆར་སྐྱེས་ཤིང་། བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་ཞོར་དུ་སློབ་བུ་མང་པོ་བསྐྱངས་མྱོང་བའི་དགེ་རྒན་ཆེན་མོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
མཚོ་སྔོན་རྨ་ལྷོ།
འཁྲུངས་ལོ།
སྤྱི་ལོ1944
ལས་རིགས།
སློབ་གསོ་བ།
1 ངོ་སྤྲོད།

སྤྱི་ལོ1944ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཧོར་རྒྱ་སྡེ་བའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ནས་དམངས་ཁྲོད་རིག་གནས་ལ་ཤ་ཞེན་ཆེ་བའི་སྟབས་ཀྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྡུག་དང་ངལ་དུབ་ཀྱི་ཁུར་བོ་ལྕི་མོ་ཕྲག་ཏུ་བླངས་ཏེ་རིག་གནས་ཀྱི་རྫོང་མཐུག་སའི་གཞི་རིམ་དུ་བསྐྱོད་ནས་དམངས་གླུ་དང་། ལ་གཞས། ཁེད། བྱིས་སྒྲུང་། གཏམ་རྒྱུད། བཤད་པ་སོགས་འཚོལ་བསྡུད་དང་། སྒྲ་ཕབ། དག་སྒྲིག  པར་སྐྲུན་བཅས་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བས་དུས་ཡུན་རིང་བོར་ངག་རྒྱུན་དུ་གྲགས་པ་ཙམ་ལས་ཡི་གེར་འགོད་མ་ཐུབ་པའི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་མང་པོ་མ་ཉམས་པར་སླར་ཡང་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་བཤམས་ཏེ་རིག་གནས་ཀྱི་བང་མཛོད་ཆེན་པོར་གཟི་བྱིན་གསར་པ་བསྣན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1958ལོར་བསང་ཆུ་རྫོང་བོད་རིགས་སློབ་ཆུང་ནས་མཐར་ཕྱིན།

སྤྱི་ལོ1969ལོ་ནས་སྤྱི་ལོ1975ལོའི་བར་དུ་བསང་ཆུ་རྫོང་ཨུའི་གཞུང་སྒྲུབ་ཁང་དང་རྫོང་སྤྱི་བདེ་ཅུས། རྫོང་ཨུའི་ཆབ་སྲིད་པུའུ། རྫོང་འཕྲིན་གཏོང་ཅུས་སོགས་ནས་བྱ་བ་བསྒྲུབས་མྱོང་།

སྤྱི་ལོ1976ལོ་ནས་སྤྱི་ལོ1992ལོའི་བར་དུ་ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་རིག་གནས་འཕྲོད་བསྟེན་ཁོའོ་ཡི་ཁོའོ་ཀྲང་དང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག  ཀྲུའུ་ཞི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1993ལོར་དམིགས་བསལ་གྱིས་དགེ་རྒན་ཆེན་མོའི་མཚན་གནས་འཕར།

སྤྱི་ལོ1997ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ལས་གནས་སྤར། སྔ་ཕྱིར་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་དང་སློབ་གྲྭ་དེ་གའི་ནུབ་བྱང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཅས་ཀྱི་འགན་ཁུར། ད་ལྟ་ཀྲུང་གོའི་གྲང་ཉུང་མི་རིགས་སྒྱུ་རྩལ་ཚན་ཁག་ཏུ་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་ཡོད།

3 བརྩམས་ཆོས་གཙོ་གྲས།

སྤྱི་ལོ1973ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཤིང་། སྤྱི་ལོ1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གིས《ཨ་མདོའི་བོད་ཀྱི་ཆང་གཞས་གཅེས་བཏུས》དང་།《བོད་ཀྱི་ལ་གཞས་ཕྱོགས་བསྒྲིགས》《བོད་ཀྱི་དམངས་གླུ་ཕྱོགས་བསྒྲིགས》སོགས་པར་དུ་བསྐྲུན། བརྩམས་སྒྲུང་ལ《གསེར་ཁྲིའི་ཡང་སྤྲུལ》དང《ཉིན་སྲིབ་བར་གྱི་བྲག་ཆ》བསྒྱུར་རྩོམ་ལ《ལྷ་སའི་འཁང་ར》《ཡེ་ཤེས་སྒྲོལ་མ》འཁྲབ་སྒྲིག་བྱས་པའི་བརྙན་འཕྲིན་ཟློས་གར་ལ《ཤམ་བྷ་ལར་བསྐྱོད་པ》《ལྷ་སར་བསྐྱོད་པ》《ལྷོ་ཡི་དྲི་གཞོན》དངོས་བྲིས་གློག་བརྙན་ལ《ཀྲུང་གོའི་བོད་རིགས་སྒྱུ་རྩལ་བང་མཛོད》《བླ་བྲང་དགོན་པ》《བསང་ཁོག་རྩྭ་ཐང》བཅས་བརྩམས་ཆོས་མང་པོ་མི་ཡུལ་གྱི་རྟེན་དུ་བཞག་ཡོད།