སྡུད་རའི་ནང་དུ་འགུལ་སྐྱོད་གློག་ཁུར་ལ་ཐེབས་པའི་ཤུགས་ལ་ལོ་རེན་ཚི་ཤུགས་ཟེར། སྡུད་རའི་ནང་དུ་གློག་རྒྱུ་འདྲེན་སྐུད་ལ་ཐེབས་པའི་ཨམ་ཕེར་ཤིགས་ནི་དོན་དངོས་སུ་ལོ་རེན་ཚི་ཤུགས་ཀྱི་ཆེ་མཐོང་མངོན་ཚུལ་ཡིན། འདི་ལས་ང་ཚོས་སྡུད་རའི་ནང་དུ་འགུལ་སྐྱོད་བྱེད་པའི་གློག་ལྡན་རིལ་རྡུལ་ལ་ཐེབས་པའི་ལོ་རེན་ཚི་ཤུགས་ཀྱི་ཁ་ཕྱོགས་དེ་འགུལ་སྐྱོད་ཁ་ཕྱོགས་དང་སྡུད་ལྟོས་འབྱུང་དྲག་ཚད་ཀྱི་ཁ་ཕྱོགས་ཚང་མ་དང་དྲང་འཕྱང་ཡིན་པ་རིགས་འདེད་བྱས་ཆོག དེའི་ཁ་ཕྱོགས་གཡོན་ལག་ངེས་ལུགས་ལ་བརྟེན་ནས་གཏན་འཁེལ་བྱས་ཆོག་སྟེ། གཡོན་ལག་བསྲིངས་ནས། མཐེབ་མོ་དང་མཛུབ་མོ་གཞན་བ་བཞི་དྲང་འཕང་བྱེད་པ་དང་། དེ་དག་དང་ལག་མཐིལ་སྙོམས་ངོས་གཅིག་གི་ནང་དུ་ཡོད་པར་བྱེད་དགོས། སྡུད་ལྟོས་འབྱུང་ཐིག་ལག་མཐིལ་ནས་བརྒྱུད་དུ་འཇུག་པ་དང་། མཛུབ་མོ་བཞིས་གློག་ཁུར་ཕོ་འགུལ་སྐྱོད་བྱེད་པའི་ཕྱོགས་བསྟན་ན། སྐབས་དེར་མཐེབ་མོས་བསྟན་པའི་ཁ་ཕྱོགས་ནི་སྡུད་རའི་ཁྲོད་འགུལ་སྐྱོད་བྱེད་བཞིན་པའི་གློག་ཁུར་ཕོ་ལ་ཐེབས་པའི་ལོ་རིན་ཚི་ཤུགས་ཀྱི་ཁ་ཕྱོགས་ཡིན། གློག་ཁུར་མོ་ལ་ཐེབས་པའི་ཤུགས་ཀྱི་ཁ་ཕྱོགས་དང་གློག་ཁུར་ཕོ་ལ་ཐེབས་པའི་ཤུགས་ཀྱི་ཁ་ཕྱོགས་ལྡོག་པ་ཡིན།
གློག་ཁུར་ཚདqཡིན་པའི་རིལ་རྡུལ་འགྲོས་ཚདυལྟར་འགུལ་སྐྱོད་བྱེད་དུས། གལ་ཏེ་འགྲོས་ཚད་ཀྱི་ཁ་ཕྱོགས་དང་སྡུད་ལྟོས་འབྱུང་དྲག་ཚད་ཀྱི་ཁ་ཕྱོགས་དྲང་འཕྱང་ཡིན་ན། རིལ་རྡུལ་ལ་ཐེབས་པའི་ལོ་རེན་ཚི་ཤུགས་ནི།
F=qυB |
རྩེས་ཕྲེང་ནང་གི་ཤུགས་དང་། སྡུད་ལྟོས་འབྱུང་དྲག་ཚད། གློག་ཁུར་ཚད། འགྲོས་ཚད་བཅས་ཀྱི་འཇལ་བྱེད་སོ་སོ་ནི་ཉིའུ་ཏུན(N)དང་། ཐེ་སི་ལཱ(T) ཁོའུ་ལོམ།(C) སྐར་ཆ་རེར་སྨི(m/s)བཅས་ཡིན།
སྤྱིར་བཏང་གི་གནས་ཚུལ་འོག་ཏུ། གློག་ཁུར་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་སྡུད་རའི་ཁ་ཕྱོགས་ཀྱི་བཙིར་ཟུརθཡིན་དུས། གློག་ཁུར་ལ་ཐེབས་པའི་ལོ་རེན་ཚི་ཤུགས་ནི་གཤམ་ལྟར་ཡིན།
F=qυBsinθ |