སའི་གོ་ལའི་སྡུད་ར་དང་གནའ་བོའི་ས་གཤིས་རིག་པ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-20 15:53ལ་འགྲུབ།

སའི་གོ་ལའི་སྡུད་ར་དང་གནའ་བོའི་ས་གཤིས་རིག་པ།

སའི་གོ་ལའི་སྡུད་ར་དང་གནའ་བོའི་ས་གཤིས་རིག་པ།
སའི་གོ་ལ་ནི་སྡུད་གཟུགས་ཆེན་པོ་ཞིག་ཡིན་པ་ཚང་མས་ཤེས་ཡོད། ས་སྡུད་ཀྱིSསྣེ་སའི་གོ་ལའི་ས་ཁམས་ཀྱི་བྱང་སྣེའི་ཉེ་འདབས་ན་ཡོད་པ་དང་། ས་སྡུད་ཀྱིNསྣེ་སའི་གོ་ལའི་ས་ཁམས་ཀྱི་ལྷོ་སྣེའི་ཉེ་འདབས་ན་ཡོད། ཕྱོགས་སྟོན་འཁོར་ལོ་ལ་སའི་སྡུད་རའི་བྱེད་ནུས་ཐེབས་པས། ད་གཟོད་ནམ་ཡིན་ཡང་ལྷོ་བྱང་ཕྱོགས་བསྟན་པ་ཡིན། ཡིན་ནའང་ལོ་འབུམ7ལྷག་གི་སྔོན་ལས་སའི་གོ་ལའི་སྡུད་ར་ད་ལྟ་དང་ལྡོག་པ་ཡིན། ས་སྡུད་ཀྱིNསྣེ་ཏག་ཏག་ས་ཁམས་ཀྱི་བྱང་སྣེའི་ཉེ་འདབས་ནས་ཡོད་པ་ཁྱོད་ཀྱིས་ཤེས་སམ། སྐབས་དེར་སྡུད་ཁབ་ཀྱིNསྣེ་བྱང་ཕྱོགས་སུ་བསྟན་པ་མིན་པར། ལྷོ་ཕྱོགས་སུ་བསྟན་ཡོད། ཚན་རིག་པ་རྣམས་ཀྱིས་ལོ་འབུམ་ཕྲག་དུ་མའི་སྔོན་གྱི་སའི་སྡུད་རའི་ཁ་ཕྱོགས་ཇི་ལྟར་ཚོད་དཔག་བྱས་པ་ཡིན་ནམ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地球磁场与古地质学
1 ​མདོར་བསྟན་པ། 

སྡུད་འགྱུར་སྣང་ཚུལ་སློབ་གྲོགས་ཚོས་ཕལ་ཆེར་ད་དུང་བརྗེད་ཡོད་རྒྱུ་མ་རེད། ལྭ་བ་འཚེམ་བྱེད་ཁབ་ཅིག་སྡུད་ལྕགས་ཀྱི་ཉེ་འདབས་སུ་བཞག་ན་སྡུད་འགྱུར་བྱེད་ཐུབ། དེའི་སྡུད་སྣེ་ཡི་ཁ་ཕྱོགས་ཀྱིས་སྐབས་དེའི་སྡུད་རའི་ཁ་ཕྱོགས་མཚོན་ཡོད་པས། ལྭ་བ་འཚེམ་བྱེད་ཁབ་དེ་སྡུད་འགྱུར་བྱས་རྗེས་ཀྱི་སྡུད་རའི་ཁ་ཕྱོགས་ལས། ཁབ་སྡུད་འགྱུར་བྱེད་པའི་སྡུད་ལྕགས་ཀྱིས་སྐབས་དེའི་སྡུད་རའི་ཁ་ཕྱོགས་སམ་སྡུད་སྣེ་ཡི་གནས་ས་དང་ཁ་ཕྱོགས་འདེད་ཐུབ། གནས་ལུགས་དེ་བཞིན་དུ། ས་ཤུན་གྱི་རྡོ་ཞུན (ལྕགས་སྡུད་གཤིས་ཀྱི་དངོས་རྫས་མང་པོ་འདུས )འཁྱགས་ནས་བྲག་རྡོ་རུ་འགྱུར་བའི་བརྒྱུད་རིམ་དུའང་སའི་གོ་ལའི་སྡུད་རའི་སྡུད་འགྱུར་ནུས་པ་ཐེབས་སྲིད་པ་མ་ཟད། ད་དུང་སྡུད་གཤིས(བྲག་རྡོའི་སྡུད་ལྷག་མ ) ཉུང་ཙམ་རྒྱུན་འཛིན་བྱེད་སྲིད། ང་ཚོས་ས་གཤིས་མི་འདྲ་བའི་དུས་སྐབས་སུ་གྲུབ་པའི་བྲག་རྡོའི་སྡུད་གཤིས་ལ་ལྟ་འཇལ་དང་དབྱེ་ཞིབ་བྱས་ན། བྲག་རྡོ་གྲུབ་པའི་དུས་སྐབས་དེའི་སའི་གོ་ལའི་སྡུད་རའི་གནས་ཚུལ་ཚོད་དཔག་བྱེད་ཐུབ། གནའ་བོའི་བྲག་རྡོ་ནི་སའི་གོ་ལའི་སྡུད་རའི་འགྱུར་ལྡོག་ལོ་རྒྱུས་ཟིན་ཐོ་རུ་བཀོད་པའི་རྩིས་འཁོར་གྱི་སྡུད་སྡེར་ཞིག་དང་འདྲ།

ཚན་རིག་པས་གནས་གཅིག་གི་གནའ་བོའི་བྲག་རྡོ་འབོར་ཆེན་ལ་དབྱེ་ཞིབ་བྱས་རྗེས། བྲག་རྡོ་ལ་ལའི་སྡུད་ལྷག་དང་ད་ལྟའི་ས་སྡུད་ཀྱི་ཁ་ཕྱོགས་གཅིག་འདྲ་ཡིན་པ་དང་། བྲག་རྡོ་ལ་ལའི་སྡུད་ལྷག་དང་ད་ལྟའི་ས་སྡུད་ཀྱི་ཁ་ཕྱོགས་ལྡོག་པ་རེད། སྐམ་སའི་སྟེང་གི་བྲག་རྡོ་ལ་འདི་འདྲའི་རྒྱུན་ལྡན་མིན་པའི་ས་སྡུད་ཡོད་པ་མ་ཟད། རྒྱ་མཚོ་ཆེན་མོ་སོ་སོའི་མཚོ་གཏིང་གི་བྲག་རྡོ་ལའང་རྒྱུན་ལྡན་མིན་པའི་སྡུད་སྣང་ཚུལ་མང་པོ་གནས་པ་རྟོགས་ཡོད།

བྲག་རིམ་དང་ལྷག་པར་དུ་མཚོ་གཏིང་གི་བྲག་རིམ་གྱི་སྡུད་གཤིས་འགྱུར་ལྡོག་དེ་དག་གཞིར་བཟུང་ནས། ཚན་རིག་པ་ཚོས་སའི་གོ་ལའི་སྡུད་རའི་སྔར་གྱི་ཁ་ཕྱོགས་ནི་ད་ལྟའི་ཁ་ཕྱོགས་དང་ལྡོག་མྱོང་བ་མ་ཟད། ས་སྡུད་ཀྱི་ཁ་ཕྱོགས་ལྡོག་འགྱུར་གྱི་སྣང་ཚུལ་འདི་ཉེ་བའི་ལོ་ངོ་ས་ཡ5ཡི་ནང་དུ་ཐེངས10ལ་བྱུང་མྱོང་བ་འདེད་གཅོད་བྱས།

ཚན་རིག་པས་གནའ་བོའི་བྲག་རིམ་གྱི་སྡུད་གཤིས་ལ་ལྟ་འཇལ་བྱེད་དུས། ས་གཤིས་མི་འདྲ་བའི་དུས་སྐབས་ཀྱི་བྲག་རྡོའི་སྡུད་འགྱུར་ཁ་ཕྱོགས་མི་འདྲ་བ་མ་ཟད། སྐམ་ས་མི་འདྲ་བར་ཁྱབ་པའི་ས་གཤིས་གཅིག་པའི་དུས་སྐབས་ཀྱི་གནས་བོའི་བྲག་རྡོའི་སྡུད་ལྷག་གི་ཁ་ཕྱོགས་ཀྱང་མི་འདྲ་བ་ཤེས། དེས་ན་དུས་སྐབས་གཅིག་གི་སའི་གོ་ལར་ལྷོ་བྱང་སྡུད་སྣེ་དུ་མ་ཡོད་པ་ཡིན་ནམ་ཞེ་ན། ཕྱོགས་མང་པོ་ནས་ཞིབ་འཇུག་བྱས་རྗེས། འདི་འདྲའི་རྒྱུན་ལྡན་མིན་པའི་ས་སྡུད་སྣང་ཚུལ་ཡོད་པ་ནི། ས་གཤིས་ལོ་རྒྱུས་ཀྱི་དུས་སྐབས་རིང་མོའི་ནང་དུ་སྐམ་ས་ཆེན་པོའི་ད་ལྟའི་གནས་ས་དང་ཁ་ཕྱོགས་ནི་བྲག་རྡོ་སྡུད་འགྱུར་སྐབས་ཀྱི་གནས་ས་དང་ཁ་ཕྱོགས་མིན། ཞིབ་འཇུག་གཞན་པ་མང་པོས་ཀྱང་སྐམ་ས་ཆེན་པོ་གཡེང་སྐྱོད་ཀྱི་བཤད་ལུགས་ལ་རྒྱབ་སྐྱོར་བྱས་ཡོད།

ཚན་རིག་ཞིབ་འཇུག་ལས་ད་དུང་སའི་གོ་ལའི་སྡུད་ར་ད་ལྟ་རིམ་བཞིན་ཉམས་བཞིན་ཡོད་པ་ཤེས། གལ་ཏེ་སྣང་ཚུལ་འདི་མ་འགྱུར་ན། སའི་གོ་ལའི་སྡུད་ར་མེད་པར་འགྱུར་བའི་ངེས་པའང་ཡོད། ས་སྡུད་མེད་གྱུར་ན་སའི་གོ་ལའི་སྟེང་གི་སྐྱེ་ཁམས་ལ་གནོད་པ་ཆེན་པོ་ཐེབས་སྲིད། སྡུད་ར་ཉམས་པའི་བརྒྱུད་རིམ་འདིར་སླར་ལྡོག་བྱེད་སྲིད་དམ།