ད་ཚང་དགོན་པ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 16:02ལ་འགྲུབ།

ད་ཚང་དགོན་པ།

ད་ཚང་དགོན་པ།
དགོན་པ་འདི་ནི་རབ་བྱུང7པའི་ཤིང་རྟ་ལོ་སྟེ(སྤྱི་ལོ1414 ལོར)མཁན་ཆེན་ངག་དབང་གྲགས་པས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་རྗེས་མ་ཡིན་ནོ། ། འབར་ཁམས་གྲོང་ཁྱེར་གྱི་ད་ཚང་ཡུལ་ཚོར་བཞུགས་ཡོད། དགོན་པ་འདིའི་མཚན་ལ་ཚ་ཆེན་ངག་དབང་གྲགས་པས་ཕྱག་འདེབས་བྱས་པའི་དགོན་པ་བརྒྱ་རྩ་བརྒྱད་ཀྱི་རྗེས་མ་ཡིན་པས་ད་ཚང་དགོན་ཞེས་བཏགས། དགའ་ལྡན་ད་ཚང་ལྷུན་འགྲུབ་གླིང་ཞེས་པ་སྟེ་སྤྱིར་ད་ཚང་ཞེས་གྲགས་པའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大藏寺
ལ་ཏིང་གི་མིང་།
da tshang dgon ba
མིང་གཞན།
དགའ་ལྡན་ད་ཚང་ལྷུན་གྲུབ་གླིང་།
བཞེངས་ལོ།
སྤྱི་ལོ1414ལོ།
བཞེངས་མཁན།
མཁན་ཆེན་ངག་དབང་གྲགས་པ།
དུས་སྐབས།
རབ་བྱུང7པའི་ཤིང་རྟ་ལོ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་ད་ཚང་ཡུལ་ཚོ།
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
རིགས་དབྱེ།
རིག་རྫས་སྲུང་སྐྱོང་སྡེ་ཚན།
སྲུང་སྐྱོབ་རིམ་ཚད།
ཞིང་ཆེན་རིམ་པའི་སྲུང་སྐྱོབ།
གནས་ཡུལ།
འབར་ཁམས་གྲོང་ཁྱེར་ད་ཚང་ཡུལ་ཚོར།
མཚོ་འཕགས།
སྨི2960ཡོད།
རྒྱ་ཁྱོན།
སྨི་གྲུ་བཞི་མ23ལྷག་ཡོད།
གྲུབ་མཐའ།
དགེ་ལུགས།
བླ་མ་གཙོ་བོ།
རོང་དགེ་འདུན་རྒྱལ་མཚན། ཁུ་འཇོ་ནམ་མཁའ་རྒྱལ་མཚན། དགེ་འདུན་རྒྱལ་མཚན། ཀིརྟི་བསྟན་པའི་རྒྱལ་མཚན། ཀུན་མཁྱེན་འཇིགས་མེད་དབང་པོ་རྣམས་སོ། །
དུས་མཆོད།
སྨོན་ལམ་ཆེན་པོ། ལྔ་མཆོད།
1 ངོ་སྤྲོད་རགས་བསྡུས།

དགོན་པ་འདི་ནི་རབ་བྱུང7པའི་ཤིང་རྟ་ལོ་སྟེ(སྤྱི་ལོ1414ལོར) མཁན་ཆེན་ངག་དབང་གྲགས་པས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་རྗེས་མ་ཡིན་ནོ། ། འབར་ཁམས་གྲོང་ཁྱེར་གྱི་ད་ཚང་ཡུལ་ཚོར་ཡོད། དགོན་པ་འདིའི་མཚན་ལ་ཚ་ཆེན་ངག་དབང་གྲགས་པས་ཕྱག་འདེབས་བྱས་པའི་དགོན་པ་བརྒྱ་རྩ་བརྒྱད་ཀྱི་རྗེས་མ་ཡིན་པས་ད་ཚང་དགོན་ཞེས་བཏགས། དགའ་ལྡན་ད་ཚང་ལྷུན་འགྲུབ་གླིང་ཞེས་པ་སྟེ་སྤྱིར་ད་ཚང་ཞེས་གྲགས་པའོ། །

2 དགོན་པའི་མཁན་རབས།

དགོན་སྡེ་སྐྱོང་བའི་མཁན་རབས་ནི། དང་བོ། མཁན་ཆེན་ངག་དབང་གྲགས་པ་རབ་བྱུང་ཤིང་སྤྲུལ་ཏེ(སྤྱི་ལོ1365ལོར)འཁྲུངས་ནས(སྤྱི་ལོ1431ལོར)འདས། གཉིས་པ། རོང་དགེ་འདུན་རྒྱལ་མཚན། གསུམ་པ། ཁུ་འཇོ་ནམ་མཁའ་རྒྱལ་མཚན། བཞི་བ། དགེ་འདུན་རྒྱལ་མཚན། ལྔ་བ། ཀིརྟི་བསྟན་པའི་རྒྱལ་མཚན། དྲུག་པ། ཀུན་མཁྱེན་འཇིགས་མེད་དབང་པོ། བདུན་པ། གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་རིམ་བྱོན། བརྒྱད་པ། ཟམ་ཚ་ཁྲི་ཆེན། དགུ་བ། ཁུ་འཇོ་འཇིགས་མེད་བློ་བཟང་དོན་འགྲུབ་རབ་རྒྱལ་མེ་བྱི་སྟེ(སྤྱི་ལོ1936ལོར)འཁྲུངས། བཅུ་བ། བསྟན་འཛིན་འཕྲིན་ལས་རབ་ཚེས་ཤིང་སྤྲུལ་ཏེ(སྤྱི་ལོ1905ལོར)འཁྲུངས་ནས(སྤྱི་ལོ1961ལོར)འདས། བཅུ་གཅིག དངོས་གྲུབ་བསྟན་འཛིན། བཅུ་གཉིས། ཐུབ་བསྟན་ཚུལ་ཁྲིམས་བཙན་ལྷར་འཁྲུངས། བཅུ་གསུམ། བློ་བཟང་བསྟན་འཛིན། བཅུ་བཞི། མཁྱེན་རབ་བསམ་གཏན་རབ་རྒྱལ་མེ་གླང་སྟེ(སྤྱི་ལོ1937ལོར)འཁྲུངས། བཅོ་ལྔ། བློ་བཟང་ཆོས་འཛིན་རབ་ཚེས་ཤིང་སྟག་སྟེ(སྤྱི་ལོ19141ལོར)འཁྲུངས་ནས(སྤྱི་ལོ1968ལོར)འདས། བཅུ་དྲུག མཁྱེན་རབ་ཉི་མ་རབ་ཚེས་ལྕགས་ཁྱི་སྟེ(སྤྱི་ལོ1910ལོར)འཁྲུངས་ནས(སྤྱི་ལོ1985ལོར)འདས། བཅུ་བདུན། བྱང་ཆུབ་ཆོས་འཕེལ་རབ་ཚེས་ས་རྟ་སྟེ(སྤྱི་ལོ1918ལོ)འཁྲུངས་ནས(སྤྱི་ལོ1962ལོར)འདས། བཅོ་བརྒྱད། གྲགས་པ་འོད་ཟེར་རབ་ཚེས་ལྕགས་ཕག་སྟེ(སྤྱི་ལོ1911ལོར)འཁྲུངས། བཅུ་དགུ འཕྲིན་ལས་ཉི་མ་ཆོས་སྐྱབས་རབ་རྒྱལ་ཤིང་ཁྱི་སྟེ(སྤྱི་ལོ1934ལོར)འཁྲུངས། ཉི་ཤུ། བྱམས་ཁང་སྐུ་ཕྲེང་དང་པོ་དར་ཁུ་ཉི་མ། ཉེར་གཅིག ཆོས་མཛད། ཉེར་གཉིས། ཡོན་ཏན་བསྟན་པའི་ཉི་མ། ཉེར་གསུམ། བློ་བཟང་ཐུབ་བསྟན་ཆོས་འཕེལ། ཉེར་བཞི། བློ་བཟང་ཡེ་ཤེས་ཆོས་ཀྱི་དབང་ཕྱག ཉེར་ལྔ། ཁུ་འཇོ་སྤྲུལ་སྐུ་བསྟན་འཛིན་འཕེལ་རྒྱས་རབ་རྒྱལ་ལྕགས་སྤྲེལ་སྟེ(སྤྱི་ལོ1980ལོར)འཁྲུངས་ནས་དགོན་སྡེ་སྐྱོང་བ་ལགས་སོ། ། དགོན་འདིར་བྱོན་པའི་མཁན་རབས་ཀྱི་གསུང་ཆོས་ལ། དགེ་བཤེས་བྱང་ཆུབ་འོད་ཟེར་སོགས་ཀྱི་གསུང་འབུམ་མང་དུ་བཞུགས་སོ། ། དགོན་འདིར་བཞུགས་པའི་གྲྭ་གྲངས་ནི་སྔོན་ཆད300ལྷག་དང་ད་ལྟ50བཞུགས་སོ། ། དགོན་འདི་དང་འབྲེལ་བ་ཆེ་བའི་དགོན་སྡེ་ནི། ཚ་ཆེན་མཆོག་གིས་ཕྱག་བཏབ་གནང་བའི་དགོན་སྡེ་ཡོངས་ལ་འབྲེལ་བ་ཆེའོ། ། དེར་མ་ཟད་སོག་རྒྱལ་གྱིས་དམག་དབུས་སུ་ཁྲིད་སྐབས་སོག་རྒྱལ་དགོན་པ་དང་བླ་མ་ལ་དད་གུས་ཆེ་བས་ཆོས་སྐྱབས་ཁྱིམ་ཁག་དྲུག་ཅུ་ད་ཚང་དགོན་ལ་ཕུལ་བའི་ལོ་རྒྱུས་ཡོད་པས། ཆོས་སྐྱབས་དགོན་པ་དགོན་འདིའི་དགོན་ལག་ཡིན་ཟེར་སྲོལ་ཡོད།

3 རྟེན་གཙོ།

དགོན་འདིར་བཞུགས་པའི་རྟེན་གསུམ་སྐོར་ལ། སྐུ་རྟེན་ནི་ཁུ་འཇོ་བློ་བཟང་དོན་འགྲུབ་ཀྱིས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་ལུས་ཚད་ཅན་དང་། སྲུང་མའི་གཙོ་བོ་མགོན་པོ་ཕྱག་དྲུག་པ་ཁྱད་འཕགས་བཅས་བཞུགས། གཞན་དཔལ་རྡོ་རྗེ་འཇིགས་བྱེད། མགོན་པོ་དཀར་ནག དུས་གསུམ་སངས་རྒྱས། ཚེ་དཔག་མེད་བཅས་དང་། གསུང་རྟེན་ལ། རྗེ་ཡབ་སྲས་ཀྱི་བཀའ་འབུམ། ཡུམ། རྗེ་རིན་པོ་ཆེ་དང་། ཀིརྟི་དང་ལྕང་སྐྱ་སོགས་ཀྱི་གསུང་འབུམ་བཅས་བཞུགས་སོ། ། སྤྱི་ལོ1983ལོར་འབར་ཁམས་གྲོང་ཁྱེར་གྱིས་ཆོས་སྒོ་ཕྱེ་པའོ། །