འབྲུག་ཐར།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2017-09-18 10:05ལ་འགྲུབ།

འབྲུག་ཐར།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་དགུ་བའི་ནང་དུ་ཀན་ལྷོ་བསང་ཆུ་ས་ཆར་སྐྱེས་ཤིང་། བོད་ཀྱི་རིག་གནས་དང་སྒོས་སུ་བོད་རིག་པའི་ཞིབ་འཇུག་བྱ་བའི་ཐད་བྱས་རྗེས་ཆེ་བའི་མཁས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་བསང་ཆུ།
འཁྲུངས་ལོ།
སྤྱི་ལོ 1949
ལས་རིགས།
སློབ་གསོ་བ།
1 ​ངོ་སྤྲོད།

ལན་ཀྲུ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་དང་རིག་གནས་སློབ་གླིང་གི་སློབ་དཔོན་ཆེན་མོ་འབྲུག་ཐར་ལགས་ནི་སྤྱི་ལོ1949ལོར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་སྐྱེས་ཤིང་། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་གཉེར་མཛད་པ་དང་། མིང་དུ་གྲགས་པའི་བོད་རིག་པའི་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་དང་དམུ་དགེ་བསམ་གཏན། ཝང་ཡའོ། ཝང་ཧྥུ་རེན་སོགས་དགེ་རྒན་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་། བོད་རིག་པའི་ལོ་རྒྱུས། ཏུན་ཧོང་གི་བོད་ཡིག་ཡིག་རྙིང་། བོད་ལྗོངས་ཀྱི་ལོ་རྒྱུས་ཡིག་ཚགས། རྒྱ་གར་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས། བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་སོགས་ལ་སློབ་སྦྱོང་བྱས་པ་མ་ཟད། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅི་ཞན་ལིན་གྱི་གམ་ནས་སྒྲ་རིག་པ་སློབ་གཉེར་བྱས། ཁོང་ནི་གཤིས་རྒྱུད་བཟང་ཞིང་ཁེངས་སྐྱུངས་ཆེ་བ་དང་། སློབ་གཉེར་ལ་ཞིབ་ཚགས་ལྡན་པ་མ་ཟད། ཆུང་དུས་ནས་རིག་གནས་ཀྱི་ཕ་ས་ནས་ནར་སོན་པའི་སྟབས་ཀྱིས་བོད་རང་གི་རིག་གནས་ལ་ངེས་ཤེས་འདྲོང་བའི་རྨང་གཞི་ཤིན་ཏུ་ལེགས། 

སྔོན་ཆད་ཁོང་ནི་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་དང་དགེ་རྒན་ཆེན་མོ་ཡིན་ཞིང་། ད་ལྟ་ལན་ཀྲུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པའི་སློབ་དཔོན་དང་དགེ་རྒན་ཆེན་མོ། ཀྲུང་གོའི་མི་རིགས་ལོ་རྒྱུས་རིག་པའི་ཚོགས་མི། ཀྲུང་གོའི་མི་རིགས་གནའ་ཡིག་ཞིབ་འཇུག་ཚོགས་པའི་ཚོགས་མི། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ཚོགས་པའི་ཚོགས་མི། ཀྲུང་གོའི་མི་རིགས་སྤྱི་ཚོགས་རིག་པའི་ལས་འཛིན། སི་ཁྲོན་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་གདན་ཞུས་སློབ་དཔོན། ཀན་སུའུ་ཞིང་ཆེན་རྩོམ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་མིའི་རིགས་རིག་པ་དང་ཆོས་ལུགས་རིག་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་བོད་རིགས་པ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རྒྱ་བོད་ཡིག་རིགས་གཉིས་ཀྱི《མདོ་སྨད་ཞིབ་འཇུག》གི་གཙོ་སྒྲིག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

2 བརྩམས་ཆོས་གཙོ་གྲས།

བརྩམས་ཆོས་ལ《སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་རིག་པ་ཞིབ་འཇུག》དང《བོད་ཀྱི་རྩོམ་རིག་ལོ་རྒྱུས》《ཀྲུང་གོའི་བོད་ཀྱི་ཚོ་བ》《བོད་རྒྱུད་ནང་བསྟན་གྱི་གཏེར་ལུང་དགོན་པ་དང་བསེ་ཚང་སྐུ་ཕྲེང་རིམ་བྱོན》《བོད་ཡིག་གི་འབྲི་ཐབས་སྤྱི་བཤད》《བོད་ཀྱི་གཞུང་ཡིག་འབྲི་ཐབས་རྣམ་བཤད》《དཔའ་རིས་བོད་ཀྱི་ལོ་རྒྱུས》《ཐུ་བྷོད་ཁྲིམས་ལུགས་ཀྱི་འགྱུར་བའི་ཞིབ་འཇུག》《བླ་བྲང་དགོན་པའི་བྱུང་བ་དང་དེའི་སློབ་གླིང་དྲུག་གི་གྲུབ་ཚུལ་ལ་དཔྱད་པ》《བོད་ཀྱི་མཚན་ཉིད་རིག་པའི་བསམ་བློ་རིག་གནས་ཞིབ་འཇུག》སོགས་བོད་རྒྱ་ཡིག་རིགས་ཆེད་རྩོམ་དེབ14དང་། 《བོད་ཀྱི་གནའ་བོའི་རྩོམ་རིག་གྲགས་ཅན་ཁྲོད་ཀྱི་ཐེག་ཆེན་ཕར་ཕྱིན་བསམ་བློའི་ཞིབ་འཇུག》དང《ཕོ་བྲང་པོ་ཏ་ལའི་བཟོ་བསྐྲུན་སྒྱུ་རྩལ་ཞིབ་འཇུག》《རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་ཞིབ་འཇུག》སོགས་བོད་རྒྱ་ཡིག་རིགས་ཀྱི་དཔྱད་རྩོམ30ལྷག་སྤེལ།