འབྲོང་རྫོང་ཡུལ་ཚོ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 10:05ལ་འགྲུབ།

འབྲོང་རྫོང་ཡུལ་ཚོ།

འབྲོང་རྫོང་ཡུལ་ཚོ།
འབྲོང་རྫོང་ཡུལ་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སྤྱི་ལེ47གྱི་མཚམས་ན་ཆགས་ཡོད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཡུལ་ཚོ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ205ཡོད། དེའི་མངའ་ཁོངས་སུ་མོ་རྡོ། སྨས། སྨྱོ ། བན་དེ་ལུང་། ཐོད་མགོ་བཅས་སྲིད་འཛིན་གྲོང་ཚོ5དང་། གྲོང་གསེབ་ཚོ་ཆུང9 རང་བྱུང་གྲོང་སྡེ12བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木尔宗乡
ལ་ཏིང་གི་མིང་།
vbrung rdzong yul tsho
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
མངའ་ཁོངས་སུ་མོ་རྡོ། སྨས། སྨྱོ ། བན་དེ་ལུང་། ཐོད་མགོ་གྲོང་ཚོ་བཅས་ཡོད།
སྲིད་གཞུང་གནས་ཡུལ།
མོ་རྡོ་གྲོང་ཚོ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624014
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ205ཡོད།
མི་གྲངས།
1359ཡོད།
སྐད་རིགས།
བོད་སྐད (རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
གནས་རི་དང་མི་རིགས་དང་ཆོས་ལུགས། གྱོན་ཆས་དང་བཟོ་རྩལ་ལ་སོགས་མིས་བཟོས་ཡུལ་ལྗོངས་ཐོན་ཁོངས་ཀྱི་སྒྱུ་རྩལ་ཡོད།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

“འབྲོང་རྫོང”ཞེས་པ་ནི་བོད་སྐད་ཀྱི་སྒྲ་སྒྱུར་ཡིན། དོན་ནི་འབྲོང་ཡོད་པའི་ས་ཆ་ཡིན་ཞེས་པའི་དོན། རྫོང་འགག་ཐུའུ་སིའི་མངའ་ཁོངས་ཀྱི་ལུང་པ་གཅིག་པུ་ཡིན།    སྤྱི་ལོ1953ལོར་འབྲོང་རྫོང་སྲིན་འཛིན་ཨུ་ཡོན་ལྷན་ཁང་བཙུགས།    སྤྱི་ལོ1956ལོར། འབྲོང་རྫོང་ཡུལ་ཚོ་མི་དམངས་སྲིད་གཞུང་བཙུགས་ནས་སྲིད་འཛིན་གྲོང་སྡེ5ཁོངས་སུ་བསྡུས།  སྤྱི་ལོ1958ལོར་མཐོ་རིམ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་བཙུགས།    སྤྱི་ལོ1966ལོར་འབྲོང་རྫོང་ཀུང་ཧྲེ་བཙུགས། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་འབྲོང་རྫོང་ཡུལ་ཚོ་བཙུགས།  སྤྱི་ལོ2005ལོའི་མཇུག་ཏུ་ཞིང་བསྒྱུར་ནགས་སྤེལ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ125.87ཡོད།  འབྲོང་རྫོང་གི་མངའ་ཁོངས་སུ་མོ་རྡོ། སྨས། སྨྱོ། བན་དེ་ལུང་། ཐོད་མགོ་བཅས་སྲིད་འཛིན་གྲོང་ཚོ5དང་། གྲོང་གསེབ་ཚོ་ཆུང9 རང་བྱུང་གྲོང་སྡེ12བཅས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་སྨི3040ཡིན།

2 སྲིད་འཛིན་ཁོངས་དབྱེ།

འབྲོང་རྫོང་ཡུལ་ཚོའི་མི་དམངས་སྲིད་གཞུང་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་སྤྱི་ལེ47གྱི་མཚམས་ན་ཆགས་ཡོད། མངའ་ཁོངས་སུ་མོ་རྡོ། སྨས། སྨྱོ། བན་དེ་ལུང་། ཐོད་མགོ་བཅས་སྲིད་འཛིན་གྲོང་ཚོ5དང་། གྲོང་གསེབ་ཚོ་ཆུང9 རང་བྱུང་གྲོང་སྡེ12བཅས་ཡོད།  ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ205ཡོད།

3 རང་བྱུང་ཐོན་ཁུངས།

སྤྱི་ལོ2005ལོའི་བར། འབྲོང་རྫོང་ཡུལ་ཚོའི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ144693.24ཡོད། ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ91670ཡིན། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་ལ་གསའ་དང་གཟིག  རྐྱང་། ཤ་སྐྱ། གླ་བ། གནའ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་གཅན་གཟན་རི་དྭགས་ལ་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་བཅས་ཡོད།

4 ས་ཁམས་ཁོར་ཡུག

འབྲོང་རྫོང་ཡུལ་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཆགས་ཡོད།  ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ51′ཡིན་པ་དང་། འཕྲེད་ཐིག་ཤར་མའི་ཏུའུ42′བར་ཡིན།  ཡུལ་ཚོ་མི་དམངས་སྲིད་གཞུང་ནི་མོ་རྡོ་ཡུལ་ཚོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་སྨི3040ཡིན།  ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི753ཡིན།

5 མི་གྲངས་དང་མི་རིགས།

《 རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག 》 དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད<སྤྱི་ལོ2010ལོ་ཟླ11ཚེས1>གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། འབྲོང་རྫོང་ཡུལ་ཚོར་རྒྱུན་སྡོད་མི་གྲངས 1359ཡོད། མི་རིགས་ནི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་། རྒྱ་རིགས་སོགས་ཡོད་ལ། དེའི་ནང་བོད་རིགས་རྒྱལ་རོང་བ་ཤིན་ཏུ་མང་། རྒྱ་རིགས་དང་མི་རིགས་གཞན་གྱིས0.1%ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

འབྲོང་རྫོང་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་ལ་སྤྱི་ལེ367ཡས་མས་ཡོད།

7 དཔལ་འབྱོར།

འབྲོང་རྫོང་ཡུལ་ཚོའི་དཔལ་འབྱོར་ཐོན་སྐྱེད་ཀྱི་རིན་ཐང་སྡོམ་འབོར་གྲགས་ཀ་དཔྱད་གཞིར་མི་གསལ་ཡང་། ཡུལ་ཚོའི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ནི་འབྲོག་ལས་དང་ཞིང་ལས་ཡིན།  ལོ་རེར་ཆ་སྙོམས་མི་རེའི་ཡོང་སྒོར་ཁྲི1ཙམ་ཡོད།

8 སྤྱི་ཚོགས།

སྤྱི་ལོ1959ལོ་རྗེས་འབྲོང་རྫོང་ཡུལ་ཚོ་ལ་སྨན་བཅོས་འཕྲོད་བསྟེན་ཁང་བཙུགས་ནས་ད་ལྟ་སྨན་པ3ཡོད། འབྲོང་རྫོང་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ནི་སྤྱི་ལོ1954ལོར་བཙུགས་ལ་དགེ་རྒན9དང་སློབ་མ50ལྷག་ཡོད། དགེ་རྒན་གྱི་ཚད་ལོན་པའི་གྲངས་ནི100%ཟིན་ཡོད།

9 མཛེས་ལྗོངས་གྲགས་ཅན།

འབྲོང་རྫོང་གནས་རི་དང་མི་རིགས་ཆོས་ལུགས། གྱོན་ཆས་དང་བཟོ་རྩལ་སོགས་མིས་བཟོས་ཡུལ་ལྗོངས་ཐོན་ཁོངས་ཕུན་སུམ་ཚོགས་པ་ཡོད། བན་དེ་ལུང་ཡུལ་ཚོའི་གནས་རི་སོགས་རང་བྱུང་མཛེས་ལྗོངས་ཐོན་ཁོངས་ཀྱང་ཡོད།

10 ཆོས་སྡེ་གྲགས་ཅན།

མོ་རྡོ་རུའི་འོད་ཟེར་དགོན་པ་དང་ཐོད་མགོ་རུ་ཐོད་མགོ་དགོན་པ། པཎ་དེ་གྲོང་སྡེའི་ལུང་དགོན་པ་སོགས་ཡོད།