དམ་པ་ཡུལ་ཚོ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 10:29ལ་འགྲུབ།

དམ་པ་ཡུལ་ཚོ།

དམ་པ་ཡུལ་ཚོ།
དམ་པ་ཡུལ་ཚོ་ནི་རྒྱལ་རོང་རྒྱལ་ཁག་བཞིའི་ནང་གསེས་ཤིག་ཡིན་ལ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཡུལ་ཚོ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ312.4ཡོད། མངའ་ཁོངས་སུ་གྱམ་པ། ཡི་ནམ། ཨ་ལོ་པ། གུར་བུ། གལ་ཏབ། ཏེ་ལ་ཁྱུ། ཀ་ལུང་། སྒྱེད་ཡུལ། ཤུ་གོ་པ་བཅས་སྲིད་འཛིན་གྲོང་ཚོ9དང་གྲོང་གསེབ་ཚོ་ཆུང18 རང་བྱུང་གྲོང་སྡེ48བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党坝乡
ལ་ཏིང་གི་མིང་།
dam ba yul tsho
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
མངའ་ཁོངས་སུ་གྱམ་པ། ཡི་ནམ། ཨ་ལོ་པ། གུར་བུ། གལ་ཏབ། ཏེ་ལ་ཁྱུ། ཀ་ལུང་།སྒྱེད་ཡུལ།ཤུ་གོ་པ་བཅས་སྲིད་འཛིན་གྲོང་ཚོ9ཡོད།
སྲིད་གཞུང་གནས་ཡུལ།
གྱམ་པ་གྲོང་ཚོ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624001
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ312.4ཡོད།
མི་གྲངས།
2698ཡོད།
སྐད་རིགས།
བོད་སྐད( རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
དམ་པ་རྒྱལ་སའི་གནའ་ཤུལ་དང་ཀ་ལུང་ཡུལ་ཚོའི་དམངས་ཁྲོད་ཟློས་གར་སོགས་ཡོད།
རླངས་འཁོར་ཨང་རྟགས།
川U
1 ​ངོ་སྤྲོད་རགས་བསྡུས།

“དམ་པ”ཞེས་པ་ནི་རྒྱལ་རོང་སྐད་ཀྱི་སྒྲ་སྒྱུར་ཡིན་ལ། དེའི་དོན་ནི་བརྟན་པོའི་དོན་ཡིན། ཆིང་ཆན་ལུང་ཁྲི་ལོ15 (སྤྱི་ལོ1750 )པར་ཀྲང་ཀོན་སིའི་གོ་ས་ཐོབ། སྤྱི་ལོ1953ལོར་ཆུས་ཀྱི་རིམ་པ་དམ་པ་མི་དམངས་སྲིད་གཞུང་བཙུགས།  སྤྱི་ལོ1956ལོར་དམ་པ་ཡུལ་ཚོ་མི་དམངས་སྲིད་གཞུང་བཙུགས། མངའ་ཁོངས་སུ་ཡུལ་ཚོ16ཡོད།  སྤྱི་ལོ1958ལོར་བྲག་བར་ཡུལ་ཚོའི་གལ་ཏབ་དང་ཏེ་ལ་ཁྱུ་གྲོང་ཚོ་གཉིས་དམ་པ་ཡུལ་ཚོའི་ཁོངས་སུ་བསྡུས། སྤྱི་ལོ1966ལོར་དམ་པ་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་དམ་པ་ཡུལ་ཚོ་བཙུགས། ཡུལ་ཚོ་སྲིད་གཞུང་ནི་གྱམ་པ་རུ་ཟླ་གྱེམ་གྲོང་ཚོར་ཡོད། འབར་ཁམས་གྲོང་ཁྱེར་གྱི་ནུབ་ལྷོ་རུ་སྤྱི་ལེ68གྱི་མཚམས་ན་ཆགས་ཡོད། ཁྱོན་བསྡོམས་མི་གྲངས2698ལྷག་ཡོད། དེའི་ནང་ཞིང་པའི་ཁྱིམ་ཚང623དང་། ཞིང་པའི་ཁྱིམ་ཐོ་མིན་པའི་མི་གྲངས100ལྷག་ཡོད།  ཡུལ་མི་མང་ཆེ་བ་ནི་བོད་རིགས་རྒྱལ་རོང་བ་ཡིན། ཀ་ལུང་ཡུལ་ཚོའི་ཟློས་གར། ཐུའུ་སིའི་དང་དམར་དམག་སོགས་མིས་བཟོས་ཐོན་ཁུངས་ཡོད།

2 སྲིད་འཛིན་ཁོངས་དབྱེ།

དམ་པ་ཡུལ་ཚོའི་སྲིད་གཞུང་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཆགས་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ312.4ཡོད། མངའ་ཁོངས་སུ་གྱམ་པ། ཡི་ནམ། ཨ་ལོ་པ། གུར་བུ། གལ་ཏབ། ཏེ་ལ་ཁྱུ། ཀ་ལུང་།སྒྱེད་ཡུལ། ཤུ་གོ་པ་བཅས་ཀྱི་སྲིད་འཛིན་གྲོང་ཚོ9དང་། གྲོང་གསེབ་ཚོ་ཆུང18 རང་བྱུང་གྲོང་སྡེ48བཅས་ཡོད།

3 རང་བྱུང་ཐོན་ཁུངས།

དམ་པ་ཡུལ་ཚོར་ས་ཞིང་ཐོན་ཁུངས་ཤིན་ཏུ་མང་བས་ས་ཁོངས་ན་ཤས། (锡) ནའི།(铌)ཐེན།(钽)ལའི།  (锂)ལ་སོགས་གཏེར་རྫས་ཐོན་ཁུངས་མང་བོ་ཡོད།  སྤྱི་ལོ1990ལོར་རྨོ་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུབ་བཞི་མ6066ཡོད། རྩྭ་ར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ14192.67 ནགས་ཚལ་ཁེབས་ཚད45%ཡིན།  རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་ཤ་བ་ནོག་ལྡན། ཕག་རྒོད། དོམ་ཁྲ། དོམ་ནག དྲེད་མོང་སོགས་གཅན་གཟན་རི་དྭགས་རིགས31ཡོད། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་གསའ་དང་གཟིག  རྐྱང་། ཤ་སྐྱ། གླ་བ། གནའ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་གཅན་གཟན་རི་དྭགས་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་བཅས་ཡོད།

4 ས་ཁམས་ཁོར་ཡུག

དམ་པ་ཡུལ་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ལྷོ་རུ་སྤྱི་ལེ68གྱི་མཚམས་ན་ཆགས་ཡོད།  ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ39ཡིན་པ་དང་། འཕྲེད་ཐིག་ཤར་མའི་ཏུའུ02′′བར་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2260ཡིན།  སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ10.5-12.5℃ཡིན། སད་མེད་པའི་ཉི་མ162-194ཡོད། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི643-767.6བར་ཡིན།

5 མི་གྲངས་དང་མི་རིགས།

《 རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག 》 དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད<སྤྱི་ལོ 2010ལོ་ཟླ11ཚེས1> གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། དམ་པ་ཡུལ་ཚོར་རྒྱུན་སྡོད་མི་གྲངས2698ཡོད། དམ་པ་ཡུལ་ཚོའི་མི་རིགས་ནི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་། རྒྱ་རིགས་སོགས་སྡོད་མི་ཡོད་ལ། དེའི་ནང་བོད་རིགས་རྒྱལ་རོང་བ་མང་པ་དང་། རྒྱ་རིགས་དང་མི་རིགས་གཞན་གྱིས0.3%ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

རྒྱལ་ལམ317གཞུང་ལམ་ནི་དམ་པ་ཡུལ་ཚོར་འབྲེལ་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་ལ་སྤྱི་ལེ418ཡས་མས་ཡོད།

7 དཔལ་འབྱོར།

དམ་པ་ཡུལ་ཚོའི་དཔལ་འབྱོར་ཐོན་སྐྱེད་ཀྱི་རིན་ཐང་སྡོམ་འབོར་གྲགས་ཀ་དཔྱད་གཞིར་མི་གསལ། ཡུལ་ཚོ་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ནི། བཟོ་ལས་སྐོར་ལ་གློག་འདོན་ཁང་གཅིག་དང་། ཞིང་ལས་སྐྱེ་དངོས་ནི་གྲོ་དང་ནས། ད་དུང་སྲན་མ་དང་མ་རྨོས་ལོ་ཏོག སིལ་ཏོག ལྡུམ་ཚལ་བཅས་ཡིན། ལོ་རེར་ཆ་སྙོམས་མི་རེའི་ཡོང་སྒོར་ཁྲི1ལྷག་ཡོད།

8 སྤྱི་ཚོགས།

དམ་པ་རྒྱལ་ས་གནའ་ཤུལ་དང་ཀ་ལུང་དམངས་ཁྲོད་ཟློས་གར་སོགས་གཙོ་གནད་རིག་རྫས་སྲུང་སྐྱོང་བྱེད་པའི་འཆར་གཞིར་བཀོད་ཡོད། ཡུལ་ཚོ་ལ་སྨན་བཅོས་འཕྲོད་བསྟེན་ཁང་བཙུགས་ནས་ད་ལྟ་ཡུལ་ཚོ་ལ་སྨན་པ3ཡོད། དམ་པ་ལྟེ་གནས་མི་རིགས་སློབ་ཆུང་ནི་སྤྱི་ལོ1953ལོར་བཙུགས། ད་ལྟ་གྲོང་རྡལ་རིམ་པའི་ལྟེ་བའི་སློབ་ཆུང1དང་། ཡུལ་ཚོ་རིམ་པའི་སློབ་ཆུང6ཡོད། སློབ་གྲྭར་དགེ་རྒན31ཡོད། དེའི་ནང་ཆེད་ལས་དགེ་རྒན31ཡོད། དགེ་རྒན་གྱི་ཚད་ལོན་པའི་གྲངས་ནི100%ཟིན་ཡོད། ད་ལྟ་སློབ་མ100ལྷག་ཡོད།

9 མཛེས་ལྗོངས་མཛེས་ལྗོངས་གྲགས་ཅན།

དམ་པ་རྒྱལ་སའི་གནའ་ཤུལ་དང་ཀ་ལུང་ཡུལ་ཚོའི་དམངས་ཁྲོད་ཟློས་གར་སོགས་ལྟ་སྐོར་བྱེད་ས་ཡོད།

10 ཆོས་སྡེ་གྲགས་ཅན།

དམ་པ་ཡུལ་ཚོའི་ཏེ་ལ་ཁྱུ་གྲོང་ཚོའི་ལྕགས་མོ་དགོན་པ་དང་མེ་ཏོག་དགོན་པ།ཆུ་འཁོར་གླིང་སོགས་ཆོས་སྡེ་མང་པོ་ཡོད།