བྲག་བར་ཡུལ་ཚོ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 10:29ལ་འགྲུབ།

བྲག་བར་ཡུལ་ཚོ།

བྲག་བར་ཡུལ་ཚོ།
བྲག་བར་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་མངའ་ཁོངས་ཡུལ་ཚོ་ཞིག་ཡིན། སྤྱི་ལོ1950ལོར་བཅིངས་འགྲོལ་བཏང་། སྤྱི་ལོ1953ལོར་བྲག་བར་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་བྲག་བར་ཡུལ་ཚོ་བཙུགས། བྲག་བར་ཡུལ་ཚོ་སྲིད་གཞུང་གནས་ས་དང་འབར་ཁམས་གྲོང་ཁྱེར་གྱི་བར་ཐག་ལ་སྤྱི་ལེ33ཡོད། ལྷོ་རུ་དམ་པ་ཡུལ་ཚོ་དང་འབྲེལ་ཡོད། ནུབ་ཏུ་འབྲོང་རྫོང་ཡུལ་ཚོ། བྱང་དུ་ཀྱོམ་ཀྱོ་ཡུལ་ཚོ། ནུབ་ལྷོ་རུ་ཆུ་ཆེན་རྫོང་གི་ཀྱེ་མོ་ཡུལ་ཚོ་ཆུའི་ཕར་ངོགས་སུ་ཡོད། མངའ་ཁོངས་སུ་མི་རྩེ་དང་གསེར་རི། ཀྱོ་ཏག་དང་འཇགས་དཔལ། རྐོན་ཏོ་དང་ཡུན་འགྲོགས། ཏ་ལྕི་དག་དང་སྤུན་དགུ མཉམ་ཁིས་སོགས་སྲིད་འཛིན་གྲོང་ཚོ9དང་། གྲོང་གསེབ་ཚོ་ཆུང19རང་བྱུང་གྲོང་སྡེ35བཅས་ཡོད། མངའ་ཁོངས་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白弯乡
ལ་ཏིང་གི་མིང་།
brg bar yul tsho
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
མི་རྩེ་དང་གསེར་རི། ཀྱོ་ཏག་དང་འཇགས་དཔལ། རྐོན་ཏོ་དང་ཡུན་འགྲོགས། ཏ་ལྕི་དག་དང་སྤུན་དགུ  མཉམ་ཁིས་སོགས་སྲིད་འཛིན་གྲོང་ཚོ9དང་། གྲོང་གསེབ་ཚོ་ཆུང19རང་བྱུང་གྲོང་སྡེ35བཅས་ཡོད།
སྲིད་གཞུང་གནས་ཡུལ།
བྲག་བར་ཀྱོ་ཏག་ཡུལ་ཚོ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624005
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ250ཡོད།
མི་གྲངས།
2990ཡོད།
སྐད་རིགས།
བོད་སྐད(རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་སྐོར།
བྲག་བར་ཡུལ་ཚོའི་རྡོ་བཟོ་ཁང་ཁྱིམ་ལྟ་སྐོར།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

བྲག་བར་ནི་རྫོང་འགག་ཐུའུ་སིའི་ཁོངས་སུ་གཏོགས། ས་ཆ་དེ་བཅིངས་འགྲོལ་མ་བཏང་གོང་དུ་རྫོང་འགག་ཐུའུ་སིའི་དང་དམ་པ་བདག་མོ་བསོད་ནམས་དབང་མོའི་དབང་བསྒྱུར་ས་ཡིན། སྤྱི་ལོ1950ལོར་བཅིངས་འགྲོལ་བཏང་། སྤྱི་ལོ1953ལོར་བྲག་བར་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས།  སྤྱི་ལོ1956ལོར་བྲག་བར་ཡུལ་ཚོ་མི་དམངས་སྲིད་གཞུང་བཙུགས་ནས་རྫོང་འགག་ཆུས་ཀྱི་ཁོངས་སུ་བསྡུས། སྤྱི་ལོ1958ལོར་རྐོན་ཏོ་དང་ཏེ་ལ་ཁྱུ་ས་ཆ་གཉིས་དབྱེ་ནས་དམ་པའི་མངའ་ཁོངས་སུ་སྤྲད།  སྤྱི་ལོ1959ལོར་རྫོང་འགག་ཆུས་མེད་པར་བཟོས་ནས་བྲག་བར་ཆུས་བཙུགས་པས་བྲག་བར་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1966ལོར་བྲག་བར་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་བྲག་བར་ཡུལ་ཚོ་བཙུགས། བྲག་བར་ཡུལ་ཚོ་སྲིད་གཞུང་གནས་ས་དང་འབར་ཁམས་རྫོང་གི་བར་ཐག་ལ་སྤྱི་ལེ33ཡོད།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3260ཡིན་ལ་ཤར་ཕྱོགས་སུ་རྫོང་འགག་ཡུལ་ཚོ་དང་། ལྷོ་རུ་དམ་པ་ཡུལ་ཚོ་དང་འབྲེལ་ཡོད།  ནུབ་ཏུ་འབྲོང་རྫོང་ཡུལ་ཚོ་དང་བྱང་དུ་ཀྱོམ་ཀྱོ་ཡུལ་ཚོ། ནུབ་ལྷོ་རུ་ཆུ་ཆེན་རྫོང་གི་ཀྱེ་མོ་ཡུལ་ཚོ་ཆུའི་ཕར་ངོགས་སུ་ཡོད། མངའ་ཁོངས་སུ་མི་རྩེ་དང་གསེར་རི། ཀྱོ་ཏག་དང་འཇགས་དཔལ། རྐོན་ཏོ་དང་ཡུན་འགྲོགས། ཏ་ལྕི་དག་དང་སྤུན་དགུ  མཉམ་ཁིས་སོགས་སྲིད་འཛིན་གྲོང་ཚོ9དང་། གྲོང་གསེབ་ཚོ་ཆུང19 རང་བྱུང་གྲོང་སྡེ35བཅས་ཡོད། མངའ་ཁོངས་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250ཡོད།

2 སྲིད་འཛིན་ཁོངས་དབྱེ།

བྲག་བར་ཡུལ་ཚོ་སྲིད་གཞུང་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཏུ་ཆགས་ཡོད།  མངའ་ཁོངས་སུ་མི་རྩེ་དང་གསེར་རི། ཀྱོ་ཏག་དང་འཇགས་དཔལ། རྐོན་ཏོ་དང་ཡུན་འགྲོགས། ཏ་ལྕི་དག་དང་སྤུན་དགུ  མཉམ་ཁིས་སོགས་སྲིད་འཛིན་གྲོང་ཚོ9དང་། གྲོང་གསེབ་ཚོ་ཆུང19 རང་བྱུང་གྲོང་སྡེ35བཅས་ཡོད། མངའ་ཁོངས་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250ཡོད།

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

བྲག་བར་ཡུལ་ཚོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ250ཡོད། རྨོ་ཞིང་རྒྱ་ཁྱོན་ལ་ལ་སྤྱི་ལེ་གྲུ་བཞི་མ162.2དང་། རྩྭ་ར་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11059.49 ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6617.07ཡོད།

3_2 ས་ཁམས་ཁོར་ཡུག

བྲག་བར་ཡུལ་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་བར་ཐག་སྤྱི་ལེ33སའི་མཚམས་ན་ཆགས་ཡོད།  ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ51′དང་། འཕྲེད་ཐིག་ཤར་མའི་ཏུའུ58′བར་ཡིན། ཆེས་མཐོ་བའི་རི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་སྨི5000དང་། ཆེས་དམའ་བའི་རི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་སྨི2300ཡིན།  ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུCདང་། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི753ཡིན། སད་མེད་པའི་ཉི་མ120ཡོད།

4 མི་གྲངས་དང་མི་རིགས།

《 རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག 》 དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད《 སྤྱི་ལོ2010ལོ་ཟླ11ཚེས1》གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། བྲག་བར་ཡུལ་ཚོའི་རྒྱུན་སྡོད་མི་གྲངས2990ཡིན། བྲག་བར་ཡུལ་ཚོའི་མི་རིགས་ནི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་། རྒྱ་རིགས་སོགས་ཡིན་ལ། དེའི་ནང་རྒྱལ་རོང་བ་མང་། མི་རིགས་གཞན་གྱིས0.2%ཟིན།

5 འགྲིམ་འགྲུལ་སྐྱེལ་འདྲེན།

རྒྱལ་ལམ317གཞུང་ལམ་ནི་བྲག་བར་ཡུལ་ཚོར་འབྲེལ་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་ལ་སྤྱི་ལེ383ཡས་མས་ཡོད།

6 དཔལ་འབྱོར།

བྲག་བར་ཡུལ་ཚོའི་དཔལ་འབྱོར་ཐོན་སྐྱེད་ཀྱི་རིན་ཐང་སྡོམ་འབོར་གྲགས་ཀ་དཔྱད་གཞིར་མི་གསལ། ཡུལ་ཚོའི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ནི། བཟོ་ལས་སྐོར་ལ་མཛའ་ཀྱོ་གློག་འདོན་ཁང་དང་། ཞིང་ལས་སྐྱེ་དངོས་གྲོ་དང་ནས། སྲན་མ་དང་མ་རྨོས་ལོ་ཏོག ཞོག་ཁོག་དང་སིལ་ཏོག་ལྡུམ་ཚལ་སོགས་ཡིན། ལོ་རེ་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་ཁྲི1ཙམ་ཡིན།

7 སྤྱི་ཚོགས།

སྤྱི་ལོ1959ལོར་བྲག་བར་ཡུལ་ཚོ་ལ་སྨན་བཅོས་འཕྲོད་བསྟེན་ཁང་བཙུགས་ནས་ད་ལྟའི་བར་སྨན་པ2ཡོད།  བྲག་བར་ལྟེ་གནས་སློབ་ཆུང་ནི་སྤྱི་ལོ1954ལོར་སློབ་གྲྭ་བཙུགས་ལ།  ད་ལྟ་སློབ་གྲྭ་དེར་དགེ་རྒན23ཡོད། ཁོ་ཚོ་ནི་ཆེད་ལས་དགེ་རྒན་རྐྱང་རྐྱང་ཡིན། དགེ་རྒན་གྱི་ཚད་ལོན་པའི་གྲངས་ལ100‰ཟིན། སློབ་མ80ལྷག་ཡོད།

8 མཛེས་ལྗོངས་གྲགས་ཅན།

རྡོ་བཟོ་ཡུལ་མིའི་སྡོད་ཁང་སོགས་ཀྱི་ལྗོངས་སྐོར་ཡོད།

9 ཆོས་སྡེ་གྲགས་ཅན།

སྒྲུབ་ཕུག་ནང་གི་བེེ་རོ་ཞབས་རྗེས་ཆོས་སྐོར་དང་།སྤུན་དགུ་དགོན་པ།་ཐབས་དགོན་པ། བྱ་རོང་དགོན་པ་བཅས་ཡོད།