ཁྲང་ཝན་ཆོན།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-30 08:23ལ་འགྲུབ།

ཁྲང་ཝན་ཆོན།

ཁྲང་ཝན་ཆོན།
ཁྲང་ཝན་ཆོན། ཕོ། རྒྱ་རིགས། 1949ལོའི་ཟླ1པོར་ཧུ་ནན་ནན་དབྱང་དུ་སྐྱེས། 1968ལོའི་ཟླ3པར་དམག་ཏུ་ཞུགས། 1968ལོའི་ཟླ11པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཧྲའན་ཞི་ཞིང་ཆེན་ཝེ་ནན་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་ལ། ལས་ཐོག་ཆེད་སྦྱོང་གི་ཡོན་ཚད་ལྡན། ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲུང་པུའི་པུའུ་ཀྲང་། ཧྲང་ཅང་གི་དམག་མིའི་གོ་རྟགས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
常万全
བོད་ཡིག་གི་མིང་།
ཁྲང་ཝན་ཆོན།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་ནན་ནན་དབྱང་།
སྐྱེས་ལོ།
1949ལོའི་ཟླ1པོ།
མཐར་ཕྱིན་སློབ་གྲྭ།
ཧྲའན་ཞི་ཞིང་ཆེན་ཝེ་ནན་དགེ་འོས་ཆེད་སྦྱོང་སློབ་གྲྭ།
དམག་ཞུགས་ཀྱི་ལོ།
1968ལོའི་ཟླ3པ།
ཏང་ཞུགས་ཀྱི་ལོ།
1968ལོའི་ཟླ11པ།
གྲུབ་འབྲས་གཙོ་བོ།
རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲུང་པུའི་པུའུ་ཀྲང་། ཧྲང་ཅང་གི་དམག་མིའི་གོ་རྟགས་ལྡན།

ཁྲང་ཝན་ཆོན། ཕོ། རྒྱ་རིགས། 1949ལོའི་ཟླ1པོར་ཧུ་ནན་ནན་དབྱང་དུ་སྐྱེས། 1968ལོའི་ཟླ3པར་དམག་ཏུ་ཞུགས། 1968ལོའི་ཟླ11པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཧྲའན་ཞི་ཞིང་ཆེན་ཝེ་ནན་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་ལ། ལས་ཐོག་ཆེད་སྦྱོང་གི་ཡོན་ཚད་ལྡན།

ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲུང་པུའི་པུའུ་ཀྲང་། ཧྲང་ཅང་གི་དམག་མིའི་གོ་རྟགས་ལྡན།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1968ལོ་ནས་སྤྱི་ལོ1969ལོའི་བར། སྐམ་དམག་ཅུན47པའི་ཧྲི་ཤོག140ཡི་རང་ཚུགས་སྐུ་སྲུང་ཁག་གི་འཐབ་འཛིང་པ་དང་འཛིན་གཙོ་ཡིན།

སྤྱི་ལོ1969ལོ་ནས་སྤྱི་ལོ1970ལོའི་བར། སྐམ་དམག་ཅུན47པའི་ཧྲི་ཤོག140ཡི་རང་ཚུགས་སྐུ་སྲུང་ཁག་གི་ཕའེ་ཀྲང་ཡིན།

སྤྱི་ལོ1970ལོ་ནས་སྤྱི་ལོ1974ལོའི་བར། སྐམ་དམག་ཅུན47པའི་ཧྲི་ཤོག140ཡི་དམག་སྤྱི་ཁང་སྦྱོང་བརྡར་ཁུའོ་ཡི་ཚན་མོའུ་ཡིན།

སྤྱི་ལོ1974ལོ་ནས་སྤྱི་ལོ1978ལོའི་བར། སྐམ་དམག་ཅུན47དམག་སྤྱི་ཁང་སྦྱོང་བརྡར་ཁུའོ་ཡི་ཚན་མོའུ་ཡིན།

སྤྱི་ལོ1978ལོ་ནས་སྤྱི་ལོ1978ལོའི་བར། ལན་ཀྲོའུ་དམག་ཁུལ་དམག་སྤྱི་ཁང་སྦྱོང་བརྡར་པུའུ་སྦྱོང་བརྡར་ཁུའོ་གཉིས་པའི་ཚན་མོའུ་ཡིན།

སྤྱི་ལོ1978ལོ་ནས་སྤྱི་ལོ1980ལོའི་བར། ལན་ཀྲོའུ་དམག་ཁུལ་དམག་སྤྱི་ཁང་གཞུང་སྒྲུབ་ཁང་དྲུང་ཡིག་ཁུའོ་ཡི་དྲུང་ཡིག་ཡིན།

སྤྱི་ལོ1980ལོ་ནས་སྤྱི་ལོ1981ལོའི་བར། སྐམ་དམག་ཅུན47པའི་དམག་སྤྱི་ཁང་སྦྱོང་བརྡར་ཁྲུའུ་ཡི་ཁྲུའུ་ཀྲང་ཡིན།

སྤྱི་ལོ1981ལོ་ནས་སྤྱི་ལོ1983ལོའི་བར། སྐམ་དམག་ཅུན47པའི་དམག་སྤྱི་ཁང་སྦྱོང་བརྡར་ཁྲུའུ་ཡི་ཁྲུའུ་ཀྲང་ཡིན།

སྤྱི་ལོ1983ལོ་ནས་སྤྱི་ལོ1985ལོའི་བར། སྐམ་དམག་ཅུན47ཧྲི་ཤོག140ཡི་ཚན་མུའོ་ཀྲང་ཡིན།

སྤྱི་ལོ1985ལོ་ནས་སྤྱི་ལོ1990ལོའི་བར། སྐམ་དམག་ཅུན་ཤོག47ཧྲི་ཤོག139ཡི་ཧྲི་ཀྲང་གཞོན་པ(དེའི་སྐབས་སུ། སྤྱི་ལོ1985ལོ་ནས་སྤྱི་ལོ1987ལོའི་བར། ཧྲའན་ཞི་ཞིང་ཆེན་ཝེ་ནན་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སྦྲག་ཁྲིད་སློབ་སྦྱོང་གནང)ཡིན།

སྤྱི་ལོ1990ལོ་ནས་སྤྱི་ལོ1992ལོའི་བར། ལན་ཀྲོའུ་དམག་ཁུལ་དམག་སྤྱི་ཁང་སྦྱོང་བརྡར་པུའི་པུའུ་ཀྲང་ཡིན།

སྤྱི་ལོ1992ལོ་ནས་སྤྱི་ལོ1994ལོའི་བར། སྐམ་དམག་ཅུན་ཤོག21པའི་ཧྲི་ཤོག61གི་ཧྲི་ཀྲང་ཡིན།

སྤྱི་ལོ1994ལོ་ནས་སྤྱི་ལོ1998ལོའི་བར། སྐམ་དམག་ཅུན་ཤོག47པའི་ཚན་མོའུ་ཀྲང(སྤྱི་ལོ1994ལོའི་ཟླ3པ་ནས་སྤྱི་ལོ1995ལོའི་ཟླ1པོའི་བར། རྒྱལ་སྲུང་སློབ་ཆེན་གཞི་རྩའི་སྡེ་ཁག་ཏུ་སློབ་སྦྱོང་བྱས)ཡིན།

སྤྱི་ལོ1998ལོ་ནས་སྤྱི་ལོ2000ལོའི་བར། རྒྱལ་སྲུང་སློབ་ཆེན་གཡུལ་འགྱེད་སློབ་ཞིབ་ཁང་གི་ཀྲུའུ་རིན་ཡིན།

སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར། སྐམ་དམག་ཅུན་ཤོག47པའི་དམག་དཔོན་ཡིན།

སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོའི་བར། ལན་ཀྲོའུ་དམག་ཁུལ་གྱི་ཚན་མུའོ་ཀྲང་ཡིན།

སྤྱི་ལོ2003ལོ་ནས་སྤྱི་ལོ2004ལོའི་བར། པེ་ཅིང་དམག་ཁུལ་གྱི་ཚན་མུའོ་ཀྲང་ཡིན།

སྤྱི་ལོ2004ལོ་ནས་སྤྱི་ལོ2007ལོའི་བར། ཧྲེན་དབྱང་དམག་ཁུལ་གྱི་དམག་སྤྱི་ཡིན།

སྤྱི་ལོ2007ལོ་ནས་སྤྱི་ལོ2007ལོའི་བར། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་ཆས་པུའི་པུའུ་ཀྲང་ཡིན།

སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་ཆས་པུའི་པུའུ་ཀྲང་ཡིན།

སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་ཆས་པུའི་པུའུ་ཀྲང་ཡིན།

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ཡིན།

སྤྱི་ལོ2013ལོ་ནས། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲུང་པུའི་པུའུ་ཀྲང་ཡིན།

2 ལས་འགན་ཁུར་བའི་སྐོར།

ཀྲུང་གུང་སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་དང་པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་དང་པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར།

3 གོ་རྟགས་འཕར་བའི་སྐོར།

སྤྱི་ལོ1988ལོར། ཏ་ཞའོ་ཡི་དམག་གི་གོ་རྟགས་བསྩལ(སྐམ་དམག་ཧྲི140ཡི་ཧྲི་ཀྲང་གཞོན་པའི་འགན་ཁུར)།

སྤྱི་ལོ1997ལོའི་ཟླ7པར། ཧྲའོ་ཅང་གི་དམག་གི་གོ་རྟགས་བསྩལ(སྐམ་དམག་ཅུན་ཤོག47གྱི་ཚན་མུའོ་ཀྲང་ཁུར)།

སྤྱི་ལོ2003ལོའི་ལོ་མགོར། ཀྲུང་ཅང་གི་དམག་གི་གོ་རྟགས་བསྩལ(ལན་ཀྲོའུ་དམག་ཁུལ་གྱི་ཚན་མུའོ་ཀྲང་གི་འགན་ཁུར)།

སྤྱི་ལོ2007ལོའི་ཟླ11པར། ཧྲང་ཅང་གི་དམག་གི་གོ་རྟགས་བསྩལ།