ཀྲའོ་ཧུང་ཀྲུའུ།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-08 11:34ལ་འགྲུབ།

ཀྲའོ་ཧུང་ཀྲུའུ།

ཀྲའོ་ཧུང་ཀྲུའུ།
ཀྲའོ་ཧུང་ཀྲུའུ། ཕོ། རྒྱ་རིགས། 1947ལོར་སྐྱེས། ནང་སོག་ཉིང་ཁྲེང་ནས་ཡིན། 1965ལོའི་ཟླ10བར་བྱ་བར་ཞུགས། 1969ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་ཡོན་ཚད་བླངས། ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་སྒྱུར་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赵洪祝
བོད་ཡིག་གི་མིང་།
ཀྲའོ་ཧུང་ཀྲུའུ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ལོ།
1947ལོའི་ཟླ7པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
ལས་ཞུགས་ཀྱི་ལོ།
1965ལོའི་ཟླ10བ།
ཏང་ཞུགས་ཀྱི་ལོ།
1989ལོའི་ཟླ8པ།
གྲུབ་འབྲས་ཆེན་མོ།
ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།

ཀྲའོ་ཧུང་ཀྲུའུ། ཕོ། རྒྱ་རིགས། 1947ལོར་སྐྱེས། ནང་སོག་ཉིང་ཁྲེང་ནས་ཡིན། 1965ལོའི་ཟླ10བར་བྱ་བར་ཞུགས།1969ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་ཡོན་ཚད་བླངས།

ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་སྒྱུར་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་ཡིན།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1965ལོ་ནས1976ལོའི་བར། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་འདོན་པུའུ་ནང་སོག་ཀྲ་ལན་ཐུན་དམག་རྟ་གསོ་ར་ལའན་གསུམ་པའི་རྟ་རྫི་དང་འཕྲོད་བསྟེན་ཁང་གི་ལས་བཟོ། ཆབ་སྲིད་ཁྲུའི་ལས་བྱེད་པ། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་འདོན་པུའུ201དཔུང་སྡེ་དམག་རྟ་ཅུའུ་ཆབ་སྲིད་པུའི་ལས་བྱེད་པ་ཡིན།

སྤྱི་ལོ1975ལོ་ནས1976ལོའི་བར། བཅིངས་འགྲོལ་དམག་སྤྱི་ཁྱབ་མཁོ་འདོན་པུའུ་ནང་སོག་ཀྲ་ལན་ཐུན་དམག་རྟ་གསོ་ར་ཆབ་སྲིད་ཁྲུའི་ཀྲུའུ་རིན་དང་ཏང་ཨུའི་རྒྱུན་ཨུ་ཡིན།

སྤྱི་ལོ1976ལོ་ནས1979ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་མནའ་མཐུན་འབྲོག་ལས་དོ་དམ་ཅུའུ་ཏང་ཨུའི་རྒྱུན་ཨུ་དང་ཆབ་སྲིད་པུའི་ཀྲུའུ་རིན་ཡིན།

སྤྱི་ལོ1979ལོ་ནས1980ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཀྲ་ལན་ཐུན་རྩྭ་རའི་ཏང་ཨུའི་རྒྱུན་ཨུ་དང་། ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན།

སྤྱི་ལོ1980ལོ་ནས1983ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་མེང་ཨུའི་རྩ་འཛུགས་པུའུ་ལས་བྱེད་པ་ཁོའོ་ཡི་ཁོའོ་ཀྲང་དང་ཀྲ་ལའེ་ཐེ་ཆི་ཆི་ཨུའི་ཧྲུའུ་ཅི་གཞོན་པ (1982ལོ་ནས1983ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)ཡིན།

སྤྱི་ལོ1983ལོ་ནས1985ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་མེང་ཨུའི་ཨུ་ཡོན (1983ལོ་ནས1985ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་དངོས་གཞིའི་རིག་གནས་ཟབ་སྦྱོང་འཛིན་གྲྭར་ལས་བྲལ་སློབ་སྦྱོང་གནང)ཡིན།

སྤྱི་ལོ1985ལོ་ནས1988ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་མེང་ཨུའི་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཡིན།

སྤྱི་ལོ1988ལོ་ནས1992ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་མེང་ཨུའི་ཧྲུའུ་ཅི་གཞོན་པ(1989ལོའི་ཟླ3པ་ནས1989ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)ཡིན།

སྤྱི་ལོ1992ལོ་ནས1994ལོའི་བར། ཀྲུང་དབྱང་སྒྲིག་ཨུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་དང་གཞུང་དོན་ཐིང་གི་ཀྲུའུ་རིན་གཞོན་པ་ཡིན།

སྤྱི་ལོ1994ལོ་ནས1994ལོའི་བར། ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་གི་ཀྲུའུ་རིན་ཡིན།

སྤྱི་ལོ1994ལོ་ནས1996ལོའི་བར། ཀྲུང་དབྱང་སྒྲིག་ཨུ་ལས་བྱེད་པ་ཁང་གི་ཀྲུའུ་རིན་ཡིན།

སྤྱི་ལོ1996ལོ་ནས1997ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་དྲུང་ཆེ་གཞོན་པ་དང་གཞུང་དོན་ཐིང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1997ལོ་ནས1998ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་དྲུང་ཆེ་གཞོན་པ་དང་གཞུང་དོན་ཐིང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས(1997ལོའི་ཟླ11 པར་པུའུ་ཀྲང་གཞོན་པ་རིམ་པར་གཏན་འཁེལ་གནང)སུ་བཞེས།

སྤྱི་ལོ1998ལོ་ནས2000ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་བརྟག་ཞིབ་པུའི་པུའུ་ཀྲང་གཞོན་པ་ཡིན།

སྤྱི་ལོ2000ལོ་ནས2003ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཡིན།

སྤྱི་ལོ2003ལོ་ནས2007ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་བའི་པུའུ་ཀྲང་གཞོན་པ(པུའུ་ཀྲང་རྒན་པའི་རིམ་པ)ཡིན།

སྤྱི་ལོ2007ལོ་ནས2007ལོའི་བར། ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ2007ལོ་ནས2008ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ2008ལོ་ནས2012ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་ཡིན།

སྤྱི་ལོ2012ལོ་ནས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡིན།

སྤྱི་ལོ2014ལོའི་ཟླ7པ་ནས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་སྒྱུར་ཆེད་དོན་ཚོགས་ཆུང་གི་ཚོགས་གཙོ་ཡིན།

2 ལས་འགན་ཁུར་བའི་སྐོར།

སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་དང་རྒྱུན་ཨུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར།