ཕྱི་ཕྱོགས་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 14:43ལ་འགྲུབ།

ཕྱི་ཕྱོགས་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་།

ལོ་རབས50བའི་དུས་དཀྱིལ་ནས་བཟུང་སྟེ། ཀྲུང་གོའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་ལ་གཞིགས་ནས། ཤུགས་ཆེན་པོའི་ཨེ་ཤེ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་། ལ་ཐིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་དང་མཛའ་མཐུན་གྱི་འབྲེལ་བ་སྤེལ། རྒྱལ་ཁབ་དེ་དག་དང་ཆབ་སྲིད་དཔལ་འབྱོར་ཐད་ཀྱི་འགྲོ་འོང་ལ་ཤུགས་སྣོན་པ་དེ་རིམ་བཞིན་ཀྲུང་གོའི་ཕྱི་འབྲེལ་བྱ་བའི་གཙོ་གནད་དུ་གྱུར་ཅིང་། དེར་ཕྱོགས་ཆེ་བའི་ཕྱི་འབྲེལ་བྱེད་ཕྱོགས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
对外关系取得重大进展
ཕྱི་ཡིག་གི་མིང་།
Significant progress has been made in foreign
དུས་ཚོད།
ལོ་རབས70བ།
1 ​ངོ་སྤྲོད།

ལོ་རབས70བར། ཀྲུང་གོའི་ཕྱི་འབྲེལ་ལ་གསར་བཏོད་དང་ལེགས་འགྱུར་ཆེན་པོ་བྱུང་། ཕྱི་འབྲེལ་གྱི་གནས་བབ་འགྱུར་བའི་གནད་ནི་ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་རིམ་བཞིན་ཞི་འཇམ་དུ་འགྲོ་བ་ཡིན། སྤྱི་ལོ1971ལོའི་ཟླ7པར། ཙུང་ཐུང་ཉི་ཁེ་སུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཅི་ཞིན་ཀོ་ཡིས་གསང་བའི་སྒོ་ནས་ཀྲུང་གོར་འཚམས་འདྲི་ཞུས་ཏེ། ཙུང་ལི་དང་ཀྲོའུ་ཨེན་ལའེ་དང་གྲོས་མོལ་བྱས། དེའི་རྗེས་སུ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དུས་མཉམ་དུ་སྤྱི་བསྒྲགས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཡོང་བར་བརྩོན་ལེན་བྱེད་ཆེད། ཨ་རིའི་ཙུང་ཐུང་ཉི་ཁེ་སུང་ཀྲུང་གོར་འཚམས་འདྲིར་ཡོང་ནས། ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་པ་བསྒྲགས། སྤྱི་བསྒྲགས་སྤེལ་བ་དེས་འཛམ་གླིང་གི་གླེང་ཕྱོགས་ལ་གཡོ་འགུལ་ཐེབས་སུ་བཅུག ཉི་ཁེ་སུང་གིས་རྗེས་སུ་དྲན་ཐོ་རུ་བཀོད་པ་ནང་བཞིན། སྤྱི་བསྒྲགས་བཏང་བར་སྐར་མ་གསུམ་དང་ཕྱེད་ཀ་ལས་མ་སྤྱད་མོད། འོན་ཀྱང་དུས་རབས་འདིའི་བློ་ཡུལ་ལས་འདུས་པའི་ཕྱི་འབྲེལ་གསར་འགྱུར་ཆེ་ཤོས་ཤིག་ཏུ་གྱུར་ཞེས་བཤད། སྤྱི་ལོ1972ལོའི་ཟླ2པར། ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་མཛད་ནས། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཐུག་འཕྲད་མཛད་པར་མ་ཟད། ད་དུང་ཙུང་ལི་ཀྲོའུ་ཨེན་ལའེ་དང་གྲོས་མོལ་གནང་། ཕྱོགས་གཉིས་ཀའི་ཧྲང་ཧའེ་རུ་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་ཐོག་མིང་རྟགས་བཀོད་པས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འགྲན་ཟླ་ལངས་པ་དེ་མཇུག་བསྒྲིལ་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྲོ་བའི་མགོ་ཚུགས་པ་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་ཇེ་ལེགས་སུ་གཏོང་བར་འབད་པ་བྱེད་པའི་སྐབས་དེ་ཉིད་དུ་སྤྱི་ལོ1971ལོའི་ཟླ10བར། སྐབས26པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འདེམ་ཤོག་གྲངས་མང་ལ་བརྟེན་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཁྲིམས་་ཐུན་ཁེ་དབང་སླར་གསོ་བྱེད་པའི་གྲོས་འཆམ་བྱུང་། ཀྲུང་གོས་བདེ་འཇགས་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཀྱི་གདན་ཐོབ་སླར་གསོ་བྱས་པས། རྒྱལ་སྤྱིའི་ལས་དོན་ཁྲོད་སྔར་ལས་གལ་ཆེ་བསི་བྱེད་ནུས་ཐོན། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་ཞི་འཇམ་དུ་གྱུར་བ་དེས་ཐད་ཀར་དུ་ཀྲུང་གོ་དང་འཇའ་ཕན་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་བྱས། སྤྱི་ལོ1972ལོར། འཇའ་ཕན་གྱི་དབུ་བཞུགས་བློན་ཆེན་ཐེན་ཀྲུང་ཅའོ་རུང་གིས་ཀྲུང་གོར་འཚམས་འདྲི་མཛད་ནས། ཀྲུང་འཇའ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་ཆུད་ཡིག་བཞག དེར་མཐུད་ནས། རྒྱལ་སྤྱིའི་སྟེང་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་པའི་དུས་རླབས་དྲག་པོ་འཕྱུར་ཏེ། རྒྱལ་ཁབ་མང་ཆེ་བས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། དེ་ལྟར་མཐར་ལོ་རབས50བ་ནས་ཨ་རིས་ཀྲུང་གོ་ཁེར་འཇོག་དང་བཀག་འགོག་བྱས་པ་ལས་ཆགས་པའི་ཕྱི་འབྲེལ་སྲ་འཛིན་གྱི་གནས་ཚུལ་གཏོར་ཏེ། ཀྲུང་གོའི་ཕྱི་འབྲེལ་གྱི་རྣམ་པ་གསར་བ་ཞིག་བཏོད་པ་རེད།