གོ་མིན་ཏང་གི་རྩ་ཁྲིམས་གཏན་འབེབས་ཀྱི་རྒྱལ་དམངས་ཚོགས་ཆེན་ཐོར་བ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 14:48ལ་འགྲུབ།

གོ་མིན་ཏང་གི་རྩ་ཁྲིམས་གཏན་འབེབས་ཀྱི་རྒྱལ་དམངས་ཚོགས་ཆེན་ཐོར་བ།

ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་སོ་སོས་རྒྱལ་དམངས་ཚོགས་ཆེན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་མ་ཟད་གྲོས་ཚོགས་སུ་ཞུགས་རྒྱུ་དང་ལེན་མ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国民党宪法规定的国民议会解散
ཕྱི་ཡིག་གི་མིང་།
The dissolution of the national assembly as prescribed by the Kuomintang constitution
དུས་ཚོད།
སྤྱི་ལོ1946ལོའི་སྟོན་ཀ
1 ​ངོ་སྤྲོད།

སྤྱི་ལོ1946ལོའི་སྟོན་ཀར། གོ་མིན་ཏང་གི་དམག་དཔུང་གིས་ཧྲན་ཞི་དང་ཁྲ་ཧར། ཧོ་པེ་བཅས་མཐའ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཏེ་ཀྲང་ཅ་ཁོའུ་བཙན་བཟུང་བྱས། རྒྱལ་ཁའི་མགོ་འཁོར་བའི་ཅང་ཅེ་ཧྲིས་ཨ་མེ་རི་ཁའི་རྒྱབ་སྐྱོར་འོག གོ་མིན་ཏང་གཅིག་པུས་བརྒྱ་ཁ་གཅིག་གཅོད་བྱས་པའི་སྐབས་དང་པོའི་ཚོགས་ཆེན་ཏེ་རྒྱལ་དམངས་ཚོགས་ཆེན་བསྡུ་རྒྱུའི་བཀའ་ཕབ་པར་མ་ཟད། ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་ཞེས་པ་གཏན་ལ་ཕབ། དེར་བརྟེན་ཐེངས་དེའི་ཚོགས་ཆེན་ལ་རྩ་ཁྲིམས་གཏན་འབེབས་ཀྱི་རྒྱལ་དམངས་ཚོགས་ཆེན་ཡང་ཟེར། ཚོགས་ཆེན་དེས་ཅང་ཅེ་ཧྲིའི་སྒེར་གཅོད་དབང་སྒྱུར་ལྟེ་བ་ཡིན་པའི་རྒྱལ་ཁབ་ཀྱི་ལམ་ལུགས་དེ་དངོས་སུ་ཁས་བླངས་པ་རེད། སྲིད་གྲོས་ཀྱི་གྲོས་མཐུན་ལྟར་ན། རྒྱལ་དམངས་ཚོགས་ཆེན་ནི་བཅོས་སྒྲིག་བྱས་རྗེས་ཀྱི་ཏང་ཤོག་སོ་སོའི་མཉམ་འབྲེལ་སྲིད་གཞུང་གིས་འགན་ཁུར་ནས་བསྡུ་དགོས་པ་ཡིན།

2 གནས་བབ།

རྒྱལ་དམངས་ཚོགས་ཆེན་དེ་སྤྱི་ལོ1946ལོའི་ཟླ11པར་ནན་ཅིན་དུ་ཚོགས་ཤིང་། ན་གཞོན་ཏང་དང་དམངས་གཙོ་སྤྱི་མཐུན་ཏང་གི་སྲིད་ཚོང་པ་ཁ་ཤས་ལས་གཞན། ཚོགས་འདུར་ཞུགས་མཁན་མང་ཆེ་ཤོས་ནི་གོ་མིན་ཏང་གི་ཏང་ཡོན་མིན། ཨ་མེ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སི་ཐུའུ་ལེ་ཏེང་མངགས་ནས་ཚོགས་ཆེན་དུ་ཞུགས། ཚོགས་ཐོག་ནས་གྲོས་འཆམ་བྱུང་བའི་རྩ་ཁྲིམས་ལས་ཙུང་ཐུང་ལ་བླ་ན་མེད་པའི་དབང་ཆ་མཆིས་ཤིང་། ལས་ཁུངས་གང་ལའང་འགན་ཁུར་མི་དགོས་པ་གཏན་ལ་ཕབ། སྲིད་འཛིན་གླིང་དེ་དོན་དངོས་སུ་ཙུང་ཐུང་གཅིག་པུའི་སྒེར་གཅོད་དབང་སྒྱུར་གྱི་འདོད་བློ་ལག་བསྟར་བྱེད་བྱེད་པའི་ལས་ཁུངས་སུ་གྱུར་བ་རེད། རྩ་ཁྲིམས་ཀྱིས་ཕྱི་ཚུལ་ནས་ཞིང་ཆེན་དང་རྫོང་རང་སྐྱོང་བྱེད་རྒྱུ་གཏན་ལ་ཕབ་ཡོད་མོད། དོན་དངོས་སུ་སྔར་བཞིན་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱེད་པའི་རིང་ལུགས་ཡིན། གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དབང་ཆའི་སྐོར་རྩ་བ་ནས་མེད་པར་བཟོས། རྩ་ཁྲིམས་དེ་ཁྱབ་བསྒྲགས་བྱས་མ་ཐག་རྒྱལ་ཡོངས་མི་དམངས་ཀྱིས་མགྲིན་གཅིག་ཏུ་རྒོལ་གཏམ་བཏང་བས། ཆབ་སྲིད་ཐད་ནས་ཅང་ཅེ་ཧྲི་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལྷུང་།

3 མཇུག་འབྲས།

ཅང་ཅེ་ཧྲིས་ནན་ཅིན་དང་ཧྲང་ཧའེ། ཁྲུང་ཆིང་སོགས་ས་གནས་ཀྱི་ཀྲུང་དབྱང་གི་སྐུ་ཚབ་ཚོགས་པ་མེད་པར་བཟོ་དགོས་པ་དང་། ཁྲུང་ཆིང་ནས་པར་དུ་བསྐྲུན་པའི་ཞིན་ཧྭ་ཉིན་རེའི་ཚགས་པར་བཀག་སྡོམ་བྱེད་དགོས་པའི་བཀའ་ཕབ། དེ་ནས་བཟུང་། གྲོས་མོལ་གྱི་སྒོ་མོ་དེ་གོ་མིན་ཏང་གི་མགོ་འཛིན་པས་དམ་པོར་བརྒྱབ་སྟེ་གོ་གུང་འབྲེལ་བ་རྦད་དེ་ཆད་པ་རེད།