གོ་མིན་ཏང་དབང་སྒྱུར་ས་ཁུལ་དུ་དཔལ་འབྱོར་ཉམས་ཉེན་བྱུང་།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 14:50ལ་འགྲུབ།

གོ་མིན་ཏང་དབང་སྒྱུར་ས་ཁུལ་དུ་དཔལ་འབྱོར་ཉམས་ཉེན་བྱུང་།

ཨ་མེ་རི་ཁས་དཔལ་འབྱོར་ཐད་བཙན་འཛུལ་བྱེད་པར་ཤུགས་སྣོན་བྱས་པ་དང་། གོ་མིན་ཏང་དབང་སྒྱུར་ས་ཁུལ་དུ་སྔར་བྱུང་མ་མྱོང་བའི་དཔལ་འབྱོར་ཉམས་ཉེན་ཚབས་ཆེན་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国民党统治区爆发经济危机
ཕྱི་ཡིག་གི་མིང་།
The economic crisis broke out in the Kuomintang rule area
དུས་ཚོད།
སྤྱི་ལོ1946ལོ།
1 ​ངོ་བོ།

འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས། ཅང་ཅེ་ཧྲིས་ཨ་མེ་རི་ཁའི་རོགས་སྐྱོར་ཐོབ་ཆེད་འཛེམ་བག་མེད་པར་རྒྱལ་ཁབ་ཀྱི་བདག་དབང་ཕྱིར་འཚོང་བྱས། སྤྱི་ལོ1946ལོར་བཞག་པའི་ཀྲུང་གོ་དང་ཨ་རིའི་མཛའ་མཐུན་ཚོང་འགྲུལ་མཚོ་འགྲུལ་ཆིངས་ཡིག་ལས། ཨ་མེ་རི་ཁའི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། བསམ་བློ་རིག་གནས་བཅས་ཕྱོགས་མང་པོའི་ཐད་ཀྱི་དབང་ཆ་ཧམ་འཕྲོག་བྱས་པ་རེད། གོ་མིན་ཏང་གི་གདུག་རྩུབ་ཆེ་བའི་འཕྲོག་བཅོམ་དང་དམག་འཁྲུག་གི་ཟད་གྲོན་འཛད་མཐའ་མེད་པ་བཅས་ཀྱི་དབང་གིས་དཔལ་འབྱོར་ཉམས་ཉེན་ཚབས་ཆེན་བྱུང་བ་རེད།

2 བརྒྱུད་རིམ།

1 ནོར་སྲིད་དངུལ་རྩར་རྙོག་དྲ་ཐལ་དྲགས་པ་བྱུང་སྟེ་ཆད་གྲངས་ཧ་ལས་པ་རེད། གནས་བབ་འདི་ཉིད་བསྒྱུར་ཆེད། རྒྱལ་དམངས་སྲིད་གཞུང་གིས་ཕྱོགས་གཅིག་ནས་ཁྲལ་ངན་སྣ་ཚོགས་བསྡུ་བ་ཇེ་མང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཤོག་སྒོར་གང་བྱུང་དུ་བཀྲམ་སྟེ། དངུལ་ལོར་ཚད་བརྒལ་འགྲེམ་པ་ལ་བརྟེན་ནས་ནོར་སྲིད་ཆད་གྲངས་ཁ་གསབ་བགྱིས། མཇུག་མཐར་དངུལ་ལོར་རིན་ཐང་ཆག་སྟེ་ཟོག་གོང་ཡར་འཕར་བ་རེད།

2 བཟོ་ཚོང་ཁེ་ལས་འབོར་ཆེན་གྱི་མ་རྩ་བརྡིབས་ཏེ་བཟོ་བའི་ལས་ཀ་ཤོར་བ། ཨ་མེ་རི་ཁའི་ཚོང་ཟོག་མང་པོ་ཀྲུང་གོའི་ཚོང་རར་ཁྱབ་སྟེ་ཀྲུང་གོའི་ཚོང་ཟོག་ཟུར་འབུད་བཏང་བ་དང་། མི་རིག་སབཟོ་ལས་ལ་དཔོན་ངན་མ་རྩས་འགོག་གནོན་ཐེབས་ཏེ་བཟོ་ལས་ཐོན་ཚད་མར་ཆག་པ་རེད། བཟོ་གྲྭའི་མ་རྩ་བརྡིབས་པ་དང་བསྟུན་ནས་གོ་མིན་ཏང་དབང་སྒྱུར་ས་ཁུལ་གྱི་བཟོ་ལས་མ་ལག་ཐོར་ཞིག་ཏུ་འགྲོ་བར་ཕྱོགས།

3 ཞིང་ལས་ཐོན་སྐྱེད་ཉམས་རྒུད་དུ་གྱུར་ཏེ་འབྲུ་ཆད་ཚབས་ཆེན་བྱུང་བ། གོ་མིན་ཏང་གིས་ནང་འཁྲུག་བསླངས་ནས་འཛེམ་བག་མེད་པར་དམག་འབྲུ་དང་འུ་ལག་བསྐུལ་བས། ཞིང་བས་ས་རྒོད་དུ་གྱུར་ཏེ་མི་མང་པོ་ཕྱིར་འཁྱམས། ཨ་མེ་རི་ཁས་ཀྲུང་གོར་ཞིང་ལས་ཐོན་རྫས་མང་པོ་ཕམ་འཚོང་བྱས་པ་དེས་ཀྱང་ཀྲུང་གོའི་ཞིང་ལས་ལ་གནོད་པ་ཚབས་ཆེན་བསྐྱལ།