རྒྱལ་དམངས་གསར་བརྗེ་གོང་དུ་འཕེལ་ཚུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:07ལ་འགྲུབ།

རྒྱལ་དམངས་གསར་བརྗེ་གོང་དུ་འཕེལ་ཚུལ།

ཀྲུང་གོའི་མི་དམངས་ཀྱི་དཀའ་སྡུག་ཡོད་ཚད་ཀྱི་རྒྱུ་རྐྱེན་ནི། བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་དང་དེའི་ཡོ་བྱད་དུ་གྱུར་བའི་རྒྱལ་འཚོང་དམག་ཤེད་ཅན་གྱི་གཏུམ་སྤྱོད་དྲག་པོ་དེ་ཡིན། ཀྲུང་གོའི་མི་དམངས་ཀྱི་དགོས་མཁོ་ཉག་གཅིག་ནི། མི་དམངས་ཀྱི་གཅིག་གྱུར་སྲིད་གཞུང་ཞིག་འཛུགས་དགོས་པ་དེ་ཡིན་ལ། འདས་ཟིན་པའི་ལོ་འགའི་རིང་གི་ཉམས་མྱོང་ལས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་འཚོང་དམག་ཤེད་ཅན་ནི་དངོས་གནས་ཞི་བདེ་དང་གཅིག་གྱུར་གྱི་བགེགས་རྐྱེན་དང་། གསར་བརྗེའི་སྟོབས་ཤུགས་ཀྱི་སྡང་དགྲ་ཡིན་པ་བདེན་དཔང་བྱས། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་དགོས་མཁོ་ཉག་གཅིག་སྟེ། གཅིག་གྱུར་གྱི་སྲིད་གཞུང་ཞིག་འཛུགས་སྐྲུན་དང་། རྒྱལ་དམངས་གསར་བརྗེའི་གནས་གཞིའི་ས་ཁུལ་སྲ་བརྟན་དུ་གཏོང་བ་མངོན་འགྱུར་བྱེད་ཆེད། རྒྱལ་འཚོང་དམག་ཤེད་ཅན་གྱི་སྟོབས་ཤུགས་ཚར་གཅོད་པའི་གཡུལ་འགྱེད་མི་བྱེད་ཐབས་མེད་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国民革命发展趋势
ཕྱི་ཡིག་གི་མིང་།
The development trend of national revolution
དུས་ཚོད།
སྤྱི་ལོ1926ལོའི་དཔྱིད་ཀར།
མི་སྣ།
ཏོན་ཆི་རུའེ། ཀྲང་ཙའོ་ལིན།
1 རྒྱབ་ལྗོངས།

རྒྱལ་དམངས་གསར་བརྗེ་ལས་འགུལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་དེས། བཙན་རྒྱལ་རིང་ལུགས་དང་དམག་ཤེད་ཅན་སོ་སོར་འཇིགས་སྣང་ཆེན་པོ་བཟོས། བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་སྐྱོར་འོག་ཀྲི་ཕྱོགས་ཝུའུ་ཕེ་ཧྥུ་དང་ཧྥེང་ཕྱོགས་ཀྲང་ཙའོ་ལིན་གཉིས་ཕན་ཚུན་བཟོད་སྒོམ་ལ་གྲོས་འཆམ་སྟེ། གསར་བརྗེར་ངོ་རྒོལ་གྱི་མཉམ་འབྲེལ་འཐབ་ཕྱོགས་བསྒྲིགས། ཁོ་ཚོའི་ཕྱོགས་གཅིག་ནས་ཧྥེང་ཡུས་ཞང་གི་རྒྱལ་དམངས་དམག་ལ་ཕར་རྒོལ་བྱས་ཏེ། བཙན་གྱིས་རྒྱལ་དམངས་དམག་ནུབ་བྱང་ས་ཁུལ་དུ་འཐེན་དུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་ལྷོ་ཕྱོགས་སུ་བསྐྱོད་དེ་ཀོང་ཀྲོའུ་རྒྱལ་དམངས་སྲིད་གཞུང་ལ་དཔུང་འཇུག་བྱེད་རྩིས་བྱས།   སྤྱི་ལོ1926ལོའི་དཔྱིད་ཀར། རྒྱལ་དམངས་དམག་གིས་བཙན་ཤེད་ཀྱིས་ཏོན་ཆི་རུའེ་ཡི་སྲིད་གཞུང་ཕབ་རྗེས། ཝུའུ་ཕེ་ཧྥུ་དང་ཀྲང་ཙའོ་ལིན་གཉིས་ཀྱིས་མཉམ་འབྲེལ་བྱས་ནས། བྱང་ཕྱོགས་སུ་བསྐྱོད་ནས་རྒྱལ་དམངས་དམག་ལ་ཕར་རྒོལ་བྱས། ཟླ3པའི་ཚེས18ཉིན། པེ་ཅིན་སློབ་མ་དང་བཟོ་བ། གྲོང་མི་བཅས་མི་ཅིག་ཁྲི་ལྷག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཚོགས་ཆེན་འཚོགས་ཏེ། རྒྱལ་ཁབ་བརྒྱད་ཀྱི་ཐ་ཚིག་ལ་ངོ་རྒོལ་བྱས། ཚོགས་ཆེན་གྲོལ་རྗེས། མང་ཚོགས་རྣམས་ཏོན་ཆི་རུའེ་ཡིས་བཟུང་བའི་སྲིད་གཞུང་དུ་རེ་འདུན་ཞུ་བར་སོང་བ་ན། ཉེན་སྲུང་པའི་དྲག་གནོན་ཐེབས་ཏེ། མི་ཉིས་བརྒྱ་ལྷག་ཤི་རྨས་བྱུང་། དེ་ནི་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཧ་ལས་པའི་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྐྱོ་དོན་ཡིན།

2 དམིགས་ཡུལ།

བཙན་རྒྱལ་རིང་ལུགས་རྩ་སློག་གཏོང་བ་དང་དམག་ཤེད་ཅན་གྱི་དབང་སྒྱུར་མགོ་མཇུག་སློག་པ། ཀྲུང་གོ་གཅིག་གྱུར་བྱེད་པ་བཅས་ཀྱི་ཆེད་དུ། སྤྱི་ལོ1926ལོར་རྒྱལ་དམངས་སྲིད་གཞུང་གིས་བྱང་འདུལ་བྱེད་རྒྱུའི་ཐག་བཅད། བྱང་འདུལ་དམིགས་ཡུལ་གཙོ་བོ་ནི་ཝུའུ་ཕེ་ཧྥུ་དང་སུན་ཁྲོན་ཧྥང་། ཀྲང་ཙའོ་ལིན་བཅས་དམག་ཤེད་ཅན་གསུམ་ཡིན། ཟླ7པར། བྱང་འདུལ་དམག་འཁྲུག་གི་མགོ་བརྩམས་པ་རེད། བྱང་འདུལ་དམག་གིས་མགྱོགས་མྱུར་དུ་ཧུའུ་ནན་བླངས་ཤིང་། ཧུའུ་པེའི་དམག་དོན་གནད་ས་ཏིང་སི་ཟམ་པ་དང་ཧོ་ཧྲེན་ཟམ་པ་བསྟུད་མར་གཏོར་ནས། ཝུའུ་ཁྲང་བླངས་ཤིང་། ཝུའུ་ཕེ་ཧྥུ་ཡི་གཙོ་ཤུགས་མེད་པར་བཟོས། བྱང་འདུལ་དམག་གིས་ཧུའུ་པེ་རུ་དྲག་འཐབ་བྱེད་པའི་སྐབས་སུ། སུན་ཁྲོན་ཧྥང་ཅང་ཞིར་སོང་ནས།བྱང་འདུལ་དམག་གི་རྒྱབ་གཞོགས་སུ་ཕར་རྒོལ་བྱེད་པའི་རེ་ངན་བཅངས། དེར་བརྟེན་བྱང་འདུལ་དམག་གིས་ཅང་ཕྱིར་ཕར་རྒོལ་བྱེད་པར་བསྒྱུར་ཅིང་། ལྷོ་བྱང་མཉམ་སྡེབ་ཀྱིས་དཔུང་འཇུག་བྱས་ནས། ཁོའི་གཙོ་ཤུགས་ཚར་གཅོད་བཏང་སྟེ་ནན་ཁྲང་བླངས། ཧྥུ་ཅན་གྱི་དགྲ་དམག་གིས་འོས་ལངས་བྱས་ཤིང་། བྱང་འདུལ་དམག་གིས་ཧྥུ་ཅན་དང་ཀྲི་ཅང་བླངས། དེའི་ཕྱི་ལོའི་དཔྱིད་ཀར་བྱང་འདུལ་དམག་གིས་ནན་ཅིན་བླངས་ནས་ཧྲང་ཧའེ་རུ་བཅའ་སྡོད་བྱས་པས། ཟིལ་ཤུགས་རྒྱལ་ཡོངས་སུ་ཁྱབ། སྤྱི་ལོ1927ལོའི་ལོ་མགོར། རྒྱལ་དམངས་སྲིད་གཞུང་ཀོང་ཀྲོའུ་ནས་ཝུའུ་ཧན་དུ་སྤོས་ཏེ། ཝུའུ་ཧན་རེ་ཞིག་རྒྱལ་ཡོངས་ཀྱི་གསར་བརྗེའི་ལྟེ་གནས་སུ་གྱུར།

3 མཇུག་འབྲས།

ཝུའུ་ཕེ་ཧྥང་དང་སུན་ཁྲོན་ཧྥང་གཉིས་ཕམ་ཐོར་དུ་གྱུར་བའི་སྐབས་སུ། ཀྲང་ཙའོ་ལིན་གྱིས་ཧོ་ནན་ལ་དཔུང་འཇུག་བྱས་ནས། རྒྱལ་དམངས་གསར་བརྗེ་དམག་གིས་བྱང་འདུལ་ལ་བཀག་འགོག་བྱེད་རྒྱུའི་རེ་ངན་བཅངས། ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་གིས་མུ་མཐུད་དུ་བྱང་འདུལ་བྱས་པ་དང་། ཝུའུ་ཧན་ནས་བྱང་ཕྱོགས་སུ་སྐྱོད་པའི་བྱང་འདུལ་དམག་བསྟུད་མར་རྣམ་པར་རྒྱལ་ནས། ཧྥེང་ཡུས་ཞང་གི་དམག་དཔུང་དང་ཀྲེང་ཀྲོའུ་རུ་མཉམ་འཛོམས་བྱས་པས། ཧྥེང་ཕྱོགས་དམག་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་། ནན་ཅིང་ནས་བྱང་ཕྱོགས་སུ་སྐྱོད་པའི་བྱང་འདུལ་དམག་གིས་ཀྱང་ཞུས་ཀྲོའུ་བླངས།