འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ན་བཀོལ་སྤྱོད་ཆེས་མང་བའི་གློག་འདོན་བྱེད་ཐབས་ནི་མེ་ཤུགས་གློག་འདོན་པ་རེད།
མེ་ཤུགས་གློག་འདོན་པ་ནི་རྡོ་སོལ་དང་རྡོ་སྣུམ་སོགས་འབར་རྫས་སྦར་ནས་ཆུ་རླངས་པར་འགྱུར། དེ་ནས་རླངས་པ་བཀོལ་ཏེ་རླངས་སྒུལ་འཁོར་ལོ་འཁོར་སྐྱོད་བྱེད་དུ་བཅུག་སྟེ་གློག་འདོན་འཕྲུལ་འཁོར་འདེད་སྒུལ་བྱས་ཏེ་གློག་འདོན་པ་རེད། མེ་ཤུགས་གློག་འདོན་བཟོ་གྲྭ་འཛུགས་སྐུན་བྱེད་ན་མ་དངུལ་མི་ཉུང་བ་གཏོང་དགོས་ལ། དུས་ཚོད་བཀོལ་བ་ཅུང་ཐུང་མོད། འོན་ཀྱང་འཛུགས་སྐྲུན་བྱས་རྗེས་མུ་མཐུད་དུ་འབར་རྫས་སྐྱེལ་འདྲེན་བྱེད་དགོས། ད་དུང་ཚ་བའི་ནུས་ཕྱོད་དམའ་བ་དང་དུད་རླངས་ཀྱིས་བརྫོད་བཟོ་སོགས་ཀྱི་གནད་དོན་གནས། མི་རྣམས་ཀྱིས་ཧུར་བརྩོན་གྱིས་ཐག་གཅོད་ཐབས་འཚོལ་བཞིན་ཡོད།
འཛམ་གླིང་ཐོག་ཏུ་མེ་ཤུགས་གློག་འདོན་བཟོ་གྲྭ་ཨང་དང་པོ་ནི་སྤྱི་ལོ1875ལོར་ཧྥ་རེན་སེའི་པ་ལི་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་མེ་ཤུགས་གློག་འདོན་བཟོ་གྲྭ་ཨང་དང་པོ་ནི་སྤྱི་ལོ1882ལོར་ཧྲེང་ཧེ་ནས་འཛུགས་སྐྲུན་བྱས་པ་རེད།
ནུས་ཚད་ཀྱི་འཕོ་འགྱུར་སྒོས་བལྟས་ན། མེ་ཤུགས་གློག་འདོན་ནི་འབར་རྫས་ཀྱི་ནང་ནུས་དེ་གློག་ནུས་སུ་འཕོ་འགྱུར་བྱེད་པའི་བརྒྱུད་རིམ་ཡིན།