དར།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2017-07-11 15:51ལ་འགྲུབ།

དར།

༡ དར་ཆའམ་དར་ལྕོག་དང་བ་དན་གྱི་མིང་། ༢ ཐགས་སུ་བཏགས་པའི་དངོས་རྫས། ༣ ཆུའི་ཆབ་རོམ་གྱི་མིང་། ༤ སྤར་ཁ་བརྒྱད་ཀྱི་ནང་གི་གསུམ་པ། ༥ གོང་དུ་འཕེལ་བའམ་ཤ་ཤེད་རྒྱས་པ་སོགས་ལ་འཇུག
1 ལོ་ཙཱ།

རྒྱ་ཡིག 旗帜, 帛,冰,繁盛

དབྱིན་ཡིག 1.silk 2.ceremonial scarf 3.the freezing of water 4.to become popular, to rise

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   1.①དར་ཆའམ་དར་ལྕོག་དང་བ་དན་གྱི་མིང་སྟེ། སྐར་ལྔའི་དར་དམར། རྒྱལ་དར། དམག་དར་ཞེས་པ་ལྟ་བུ། ②ཐགས་སུ་བཏགས་པའི་དངོས་རྫས་ཀྱི་མིང་སྟེ། སྲིན་དར། དར་གོས། དར་ཤམ་ཞེས་པ་ལྟ་བུ། ③ཆུའི་ཆབ་རོམ་གྱི་མིང་སྟེ། མཚོ་ལ་འགྲམ་དར་ཆགས་ལྟ་བུ། ④དར་བ་ལ་ལྟོས། ⑤སྤར་ཁ་བརྒྱད་ཀྱི་ནང་གི་གསུམ་པ། 2.(བྱེད་མེད་ལས་ཚིག)①གོང་དུ་འཕེལ་བ་སྟེ། དཔལ་འབྱོར་ཧ་ཅང་དར། རིག་གནས་དར་ཞིང་རྒྱས། སྡེ་བ་དར། ཁྱིམ་ཚང་དར། རིག་གནས་དར་བའི་རྒྱལ་ཁབ། ལང་ཚོ་དར་བའི་མི་ཞེས་པ་ལྟ་བུ། ②ཤ་ཤེད་རྒྱས་པའི་དོན་ཏེ། ལུས་ཕུང་དར། ལུས་ཕུང་དར་བའི་མི་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།   གོས་ཆེན་དར་དང་རྒྱས་སམ་འཕེལ་བ།  1.綾,绸缎。2.繁盛,增长。【增】1.旗帜。2.冰,指在池,河,湖上的。3.青年。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   ①དར་ཆ། དར་དམར། དར་ཆེན། དར་ཚོན་སྣ་ལྔ།    མི་ཚང་མས་དར་འཕྱར་དུང་འབུད་བྱེད་པ། ②གོས་དར། མཇལ་དར། སྐྱེལ་དར།  ལག་ཏུ་དར་ཐོགས་པ། བཟང་པོ་རྒུད་ན་དར་ལས་འཇམ། ངན་པ་རྒྱགས་ན་ཤིང་ལས་རྩུབ།    ③ཆབ་རོམ།  མཚེའུར་དར་ཆགས་འདུག  གཙང་པོར་དར་ཁ་འགྲིགས་པ།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།     名词。[1]དར་ཆ། 旗帜:དར་དམར། 红旗。དར་ཆེན། 蟲。དར་ཚོན་སྣ་ལྔ། 五色彩绸,五色彩旗。མི་ཚང་མས་དར་འཕྱར་དུང་འབུད་བྱེད་པ། 人们都扬起旗帜,吹着号角。[2]གོས་དར། 帛,绢,绫罗:མཇལ་དར། 见面哈达。སྐྱེལ་དར། 送别哈达。ག་ཏུ་དར་ཐོགས་པ། 手捧哈达。ཟང་པོ་རྒུད་ན་དར་ལས་འཇམ། ངན་པ་རྒྱགས་ན་ཤིང་ལས་རྩུབ། 善人受挫柔于丝,恶汉得势粗于木。[3]ཆབ་རོམ། 冰:མཚེའུར་དར་ཆགས་འདུག 湖水结冰。གཙང་པོར་དར་ཁ་འགྲིགས་པ། 河水封冻。

5. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།    མིང་ཚིག ①རྒྱལ་དར་སོགས་དར་ཆ་སྤྱིའི་མིང་། དཔེར་ན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར།  རྒྱལ་ཁབ་ཀྱི་དར།  ཆོས་ལུགས་ཀྱི་དར།  ཚོགས་པའི་དར་ལྟ་བུ།  ②སྲིན་བལ་གྱི་རིགས་ལས་བཟོས་པའི་དར་གོས།  དཔེར་ན།  ཚོས་མདོག་སྣ་ཚོགས་ཀྱི་དར།  དར་འདྲ་མིན་གྱིས་བརྒྱན་པ།  ③གྲང་ངར་གྱིས་ཆུ་ཆབ་རོམ་དུ་ཆགས་པ།  ④སའི་གོ་ལའི་འཁྱག་གླིང་གི་དར་འཇུ་བཞིན་འདུག  རྨ་ཆུའི་དར་ལམ།  རྫ་ཆུའི་དར་ལྟ་བུ།  བྱ་ཚིག  བྱ་བྱེད་ཐ་མི་དད་པ།  གཟུགས་མི་འགྱུར་བ།  རྒྱས་པའམ་འཕེལ་བའི་དོན།  དཔེར་ན།  རྒྱལ་ཁབ་ཀྱི་དཔལ་འབྱོར་དར།  རླུང་རྟ་དར།  ཁ་ལས་དར་ལྟ་བུ།  ལྡོག་ཚིག  རྒུད།