གཏོར་གཟུགས་མཆོད་རྟེན།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 11:02ལ་འགྲུབ།

གཏོར་གཟུགས་མཆོད་རྟེན།

གཏོར་གཟུགས་མཆོད་རྟེན།
གཏོར་གཟུགས་མཆོད་རྟེན་ནི་ཉི་ལུའོ་ཆུ་བོའི་སྨད་རྒྱུད་དུ་བརྩིགས་ཡོད། ཡུལ་དེར་ཧ་ལམ་བང་སོ་བརྒྱད་ཅུ་ལྷག་གི་རྗེས་ཤུལ་འདུག དེ་དག་ལས་རྒྱལ་པོ་ཧུའུ་ཧྥུ་ཟེར་བའི་གཏོར་གཟུགས་མཆོད་རྟེན་ནི་གཞི་ཁྱོན་ཆེས་ཆེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金字塔
ཕྱི་ཡིག་གི་མིང་།
pyramid
མཚན་སྙན།
གནའ་རབས་ཀྱི་འཛམ་གླིང་བྱས་རྗེས་ངོ་མཚར་ཅན་བརྒྱད་ཀྱི་ཡ་གྱལ།
ནུས་པ།
གཏོར་གཟུགས་མཆོད་རྟེན་ནི་གནའ་བོའི་ཨེ་ཇིབ་ཀྱི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་པོའི་བང་སོ་ཡིན།
ཆེ་ཆུང་།
སྤྱི་ཁྲུ་སྨི་གྲུ་བཞི་མ52000
གྲངས་ཀ
ཕལ་ཆེར69ལྷག
1 ངོ་སྤྲོད།

གནའ་བོའི་ཨེ་ཇིབ་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཁྲོད། མཚར་སྡུག་འོད་སྟོང་འབར་བའི་རིག་གནས་བསྐྲུན་ཡོད་པ་ལས་མི་རྣམས་ཀྱིས་ཆེས་ཡང་རྩེ་རུ་བསྔགས་པ་ནི་སའི་གོ་ལ་གཅིག་གི་རླབས་ཆེན་ཤེས་རིག་གི་རྗེས་ཤུལ་དུ་འབོད་པའི་སྙུང་གཟུགས་བང་སོ་ཞེས་པ་འདི་རེད། སྙུང་གཟུགས་བང་སོ(Pyramid)ནི་ཟུར་ལྡན་སྙུང་གཟུགས་ཀྱི་དོན་ཡིན་ཞིང་། རྒྱུན་ལྡན་དུ་གནའ་བོའི་ཨེ་ཇིབ་ཀྱི་ཧྥེ་རོས་རང་ཉིད་ལ་བསྐྲུན་པའི་གཞི་རྒྱ་ཆེ་བའི་བང་སོ་ལ་གོ་དགོས། དེའི་རྨང་གདན་ནི་གྲུ་བཞི་ཡིན་ལ། གླིང་བཞི་ནི་ཟུར་གསུམ་ཆ་འདྲ་བ་བཞི་ཡིན། སྙུང་གཟུགས་བང་སོ་དང་བོ་ནི་རྒྱལ་རབས་གསུམ་པའི་དུས་ཀྱི་ཧྥེ་རོ་ཙུའོ་སེར་གྱིས་བཞེངས་པ་དང་། སྙུང་གཟུགས་བང་སོ་ཆེས་ཆེ་བ་ནི་རྒྱལ་རབས་བཞི་བ་ཧྥེ་རོ་ཧོ་ཧྥུའི་བང་སོ་ཡིན་ཞིང་། ད་ལྟའང་ཁའེ་ལོའུ་ཉེ་འགྲམ་གྱི་ཀེའུ་ས་རུ་ཀྲོང་ངེར་འགྱིང་ཡོད། དེ་ནི་རྡོ་སྦྲམ་ཆེན་པོ་ས་ཡ་གཉིས་དང་འབུམ་གསུམ་བཀོལ་ནས་བརྩིགས་ཤིང་། ཞབས་ངོས་རེའི་རིང་ཚད་ལ་རྨི227ཡོད་པ་དང་། མཐོ་ཚད་ལ་རྨི146.5ཡོད་ལ། ད་ལྟ་ཐོག་མའི་སྐབས་ལས་རྨི9ཇེ་དམའ་རུ་སོང་འདུག ལོ་ངོ30ནང་ད་གཟོད་བཞེངས་ནས་ལེགས་འགྲུབ་བྱུང་བ་རེད། དེའི་ཕྱི་རྣམ་བརྗིད་རྔམ་ཆེ་ཞིང་། ནང་ངོས་ཀྱི་སྒྲིག་གཞི་ཚགས་དམ་པོ་ཡོད་པས། འཛམ་གླིང་གི་བྱས་རྗེས་ངོ་མཚར་བ་བརྒྱད་ཀྱི་གྲས་སུ་བཞག་ཡོད། གཞན་ཡང་། ལ་ཏིང་ཨ་མེ་རི་ཁའི་དབྱིན་ཏི་ཨན་ཤེས་རིག་ཁྲོད་དུ་ཡང་སྙུང་གཟུགས་བང་སོའི་དབྱིབས་ཀྱི་ལྷ་ཁང་ཡོད་ཀྱང་། དེའི་རྣམ་པ་དང་ནུས་པ་ཚང་མ་ཨེ་ཇིབ་ཀྱི་སྙུང་གཟུགས་བང་སོ་དང་ཅུང་མི་མཐུན་ནོ། །

2 ཁེ་རོ།

ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནི་ཉི་ལུའོ་ཆུ་བོའི་འགྲམ་རྒྱུད་དུ་ཆགས་ཡོད། དེ་ནི་དབུས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། ཚོང་ལས་བཅས་ཀྱི་ལྟེ་བ་ཡིན། ཉི་ལུའོ་ཆུ་བོའི་འགྲམ་གྱི་རྡོ་སྐུའི་སྟེགས་བུའི་སྟེང་དུ“ང་ནི་ཡོད་ཚད་དེ། འདས་མ་ད་གསུམ་ཡིན”ཞེས་པའི་མི་སེམས་སྒུལ་པར་བྱེད་པའི་ཚིག་རྐང་ཞིག་བྲིས་ཡོད། དེ་ནི་ཁེ་རོ་གྲོང་ཁྱེར་ངོ་སྤྲོད་བྱེད་པའི་མཚམས་སྦྱོར་གྱི་ཡི་གེ་ཞིག་དང་མཚུངས།

ཁེ་རོ་ནི་ཨེ་ཅིབ་ཀྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་དང་། གནའ་དེང་རིག་གནས་ཟུང་འབྲེལ་བྱེད་སའི་གནས་གཞི། དབུས་ཁུལ་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཞིན་ཡིན་པར་མ་ཟད། གནའ་རབས་དང་དེང་རབས་ཀྱི་རིག་གནས་འབྲེལ་འདྲིས་དང་། འཕེལ་རྒྱས། རྒྱུན་འཛིན་བྱེད་སའི་གནས་མཆོག་ཅིག་ཀྱང་ཡིན། ཁེ་རོའི་ནུབ་ཕྱོགས་སུ་གནའ་མཁར་མོན་ཧྥེ་སི་དང་། འཛམ་གླིང་གི་ངོ་མཚར་ཆེ་བའི་གནས་མཆོག་བདུན་གྱི་ཡ་གྱལ་གཏོར་གཟུགས་མཆོད་རྟེན་སོགས་ཡོད། ཨེ་ཅིབ་པས་ནི་ཚེ་ཐུང་ན་ཡང་། བླ་མེད་ཀྱི་ཀུན་སྤྱོད་ལ་རྗེས་རབས་པས་བརྩི་བཀུར་བྱེད་པར་འདོད། ཁོ་ཚོའི་སྣང་ངོར་མི་ལུས་ནི་གཡར་མ་ཡིན་པ་དང་། འདས་པོའི་བང་སོ་ནི་གཏན་གྱི་གནས་གཞི་ཡིན་པར་བརྩིས་ནས་བང་སོ་ལ་རྩིས་མཐོང་ཆེན་པོ་བྱེད། དེར་བརྟེན་རྒྱལ་པོ་དག་གིས་ཀྱང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡོད་ཚད་བཀོལ་ནས་བང་སོ་བརྩིགས་པ་རེད།

3 གཏོར་གཟུགས་མཆོད་རྟེན་རིགས་གསུམ།

1.ཧུའུ་ཧྥུ་གཏོར་གཟུགས་མཆོད་རྟེན།

གཏོར་གཟུགས་མཆོད་རྟེན་ནི་ཉི་ལུའོ་ཆུ་བོའི་སྨད་རྒྱུད་དུ་བརྩིགས་ཡོད། ཡུལ་དེར་ཧ་ལམ་བང་སོ་བརྒྱད་ཅུ་ལྷག་གི་རྗེས་ཤུལ་འདུག དེ་དག་ལས་རྒྱལ་པོ་ཧུའུ་ཧྥུ་ཟེར་བའི་གཏོར་གཟུགས་མཆོད་རྟེན་ནི་གཞི་ཁྱོན་ཆེས་ཆེ་བ་ཡིན། དེའི་མཐོ་ཚད་ལ་སྨིས146.5དང་། རྨང་མཐའི་གླིང་རེ་རེའི་རིང་ཚད་ལ་སྨིས230ལྷག་ཡོད། རྡོ་སྦྲམ་ཁྲི་ཚོ230ལྷག་བརྩིགས་ནས་གྲུབ་པ་ཡིན། ཆ་སྙོམས་བྱས་ན་རྡོ་སྦྲམ་རེའི་ལྗིད་ཚད་ཧ་ལམ་སྟོང་ཁེ2500ཡོད། རྡོ་སྦྲམ་གྱི་བར་དུ་འཇིམ་པ་ཅི་ཡང་མེད་པར་བརྟན་པོར་བརྩིགས་ཡོད། རྒྱལ་པོ་ཧུའུ་ཧྥུ་ཟེར་བའི་གཏོར་གཟུགས་མཆོད་རྟེན་གྱི་མདུན་དུ་རྒྱལ་པོའི་དབང་ཆ་དང་ལ་རྒྱ་མཚོན་པའི་སེང་ལུས་མི་གདོང་ཅན་གྱི་རྡོ་སྐུ་ཞིག་ཡོད། ཞོགས་པའི་ཉི་ཟེར་ཁྲོད་བྱེ་ཐང་དུ་ཀྲོང་ངེར་འགྱིང་ཞིང་ཁེར་རྐྱང་དུ་གནས་པའི་གཏོར་གཟུགས་མཆོད་རྟེན་གྱིས་ཁུ་སིམ་མེར་འདས་སོང་གི་དཔལ་ཡོན་བསྣམས་ཤིང་། མ་འོངས་པར་རྒྱང་གཟིགས་གནང་བཞིན་མཆིས། བང་སོའི་མདུན་གྱི་སེང་ལུས་མི་གདོང་གི་རྡོ་སྐུ་དེས་དེང་རབས་ཀྱི་མཁར་གྲོང་གི་མི་ཚོགས་དང་ཉམ་ང་བའི་བྱེ་ཐང་གི་འདས་སོང་ལོ་ཟླ་གཉིས་གཞི་གཅིག་ཏུ་སྦྱོར་བཞིན་ཡོད་པ་ཡང་། དེ་གཉིས་ཀྱི་བར་དུ་ལོ་ངོ་སྟོང་ཕྲག་གི་བར་ཁྱད་ཡོད་ཅིང་། རྔ་མོང་གི་ཁྱུ་ཚོགས་འདས་སོང་གི་ལོ་ཟླ་དང་དེང་རབས་ཀྱི་འཕེལ་རྒྱས་བར་ན་འདུར་བཞིན་རྒྱུ།

2.སྐས་རིམ་གཏོར་གཟུགས་མཆོད་རྟེན།

གནའ་བོའི་ཨེ་ཅིབ་རྒྱལ་རབས་གསུམ་པའི་ཡར་སྔོན་དུ་བང་སོ་ནི་སྤྱིར་བཏང་དུ་འདམ་བཟོས་སོ་ཕག་གིས་གཞི་རྒྱ་ཆེ་བའི་གྲུ་བཞི་ནར་དབྱིབས་ཀྱི་གཏོར་གཟུགས་བང་བོ་བཟོས་ཤིང་། རྒྱལ་རབས་གསུམ་པ་སླེབས་དུས་མིང་ལ་དབྱི་མུའུ་ཧུ་ཐའེ་ཕུའུ་ཞེས་འབོད་པའི་སྨན་པ་ཞིག་གིས་བྱེད་སྟངས་ཁྱད་པར་བ་བཀོལ་ནས། རྒྱལ་བོ་ཙུའོ་སའེ་ཨེར་ལ་བང་སོ་འཛུགས་སྐྲུན་བྱས་ཤིང་། དེ་ནས་ཁོང་གིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་རྡོ་བཟོས་བང་སོ་ཆེན་པོ་ཞིག་བཟོ་སྐྲུན་བྱས་པ་རེད། ཁོང་གིས་ཐོག་མར་རྡོའི་མཐོ་ཚད་ལ་སྨི8དང་རིང་ཚད་ལ་སྨི63ཡོད་པའི་བང་སོ་བཟོས་པ་དང་རིམ་པ་བཞིན་བརྩེགས་ཤིང་། ཇུས་འགོད་མང་པོ་བྱས་མཐར་སྤྱིའི་མཐོ་ཚད་སྨི62དང་འོག་རིམ་གྱི་ཤར་ནུབ་ཀྱི་རིང་ཚད་ཧ་ལམ་སྨི121དང་། ལྷོ་བྱང་གི་རིང་ཚད་ཧ་ལམ་སྨི109ཅན་གྱི་བང་སོ་ལེགས་འགྲུབ་བྱས་ཤིང་། དེ་ནི་ཨེ་ཅིབ་ཀྱི་ཆེས་ཐོག་མའི་རིམ་པ་དྲུག་ཅན་གྱི་སྐས་རིམ་གཏོར་གཟུགས་མཆོད་ཡིན་ལ། རྒྱལ་བོ་ཙུའོ་སའེ་ཨེར་སྐུ་གཤེགས་རྗེས་དེའི་ནང་དུ་དུར་སྦས་བྱས་པ་རེད།

3.གྱ་གྱུའི་གཏོར་གཟུགས་མཆོད་རྟེན།

ཕལ་ཆེར་སྤྱི་ལོ་སྔོན་གྱི2600ལོར་འཛུགས་སྐྲུན་བྱས་ཤིང་། ཁེ་རོ་ལྷོ་ནུབ་གྱི་སྤྱི་ལེ27གྱི་སར་ཡོད་པའི་སཱ་ཁཱ་ལཱ་ས་ཁུལ་དུ་ཡོད། ཨེ་ཅིབ་ཀྱི་རྒྱལ་རབས་བཞི་པའི་རྒྱལ་བོ་དང་པོ་ཧྥ་ལའོ་སཱ་ཧྥུའུ་ལུའོ་བཞུགས་དུས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ལ། མཐིལ་གྱི་མཐའ་འཁོར་རིང་ཚད་ལ་ཕལ་ཆེར་སྨི189ཡོད་པའི་གྲུ་བཞི་ཁ་གང་དབྱིབས་ཀྱིས་བཟོས་པ་དང་། མཐོ་ཚད་ཕལ་ཆེར་སྨི105ཡོད། དེའི་ཁྱད་ཆོས་གཙོ་བོ་ནི། ལྕོག་གི་མཐོ་ཚད་ཕྱེད་ཀ་ལས་ཡར་བརྒལ་བའི་སྐབས་སུ། ཟུར་ཚད་ལ་འགྱུར་ལྡོག་འབྱུང་ཞིང་། གསེག་ཟུར་ནི་འོག་ཕྱེད་མའི་ཟུར་ཚད52དེ་ནང་ཕྱོགས་སུ་འཁྱོག་པས་རྐྱེན་བྱས་ནས་ཟུར་ཚད43.5ལ་འགྱུར་བ་རེད། དེ་བས་གཏོར་གཟུགས་མཆོད་རྟེན་ཕྱོགས་ཀྱི་བཞིར་བལྟས་ཚེ་གྱ་གྱུ་རྣམ་པར་མངོན་པ་རེད།