འོད་སྐྱེན་གློག་འགོགསྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:18ལ་འགྲུབ།

འོད་སྐྱེན་གློག་འགོག

འོད་སྐྱེན་གློག་འགོག
འོད་སྐྱེན་གློག་འགོག་ནི་འདྲེན་གཟུགས་ཕུང་གསུམ་འགར་འོད་འཕྲོས་རྗེས་གློག་འདྲེན་གཤིས་ནུས་འགྱུར་ལྡོག་མངོན་གསལ་བྱུང་བ་ཡིན་པའི་ཁྱད་ཆོས་བེད་སྤྱད་དེ་བཟོས་པའི་ལྷུ་ཆས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光敏电阻
མིང་གཞན།
འོད་འདྲེན་སྦུ་གུ།
ཕྱི་ཡིག་གི་མིང་།
photoresistor
1 ངོ་སྤྲོད།

མི་རྣམས་མགྲོན་ཁང་ཆེན་པོའི་ཤེལ་སྒོ་ལ་ཉེ་བར་བཅར་སྐབས། སྒོ་རང་འགུལ་གྱིས་ཕྱེ་བ་དང་། རང་འགུལ་ཚོད་འཛིན་རིགས་དེའི་རིགས་པ་གཅིག་ནི་འོད་ཀྱིས་ཚོད་འཛིན་བྱེད་པ་ཡིན་ཞིང་། འོད་ཀྱིས་ཚོད་འཛིན་འོད་སྐྱེན་གློག་འགོག་དང་འབྲལ་མི་ཐུབ་པ་རེད། 

འོད་སྐྱེན་གློག་འགོག་ནི་འདྲེན་གཟུགས་ཕུང་གསུམ་འགར་འོད་འཕྲོས་རྗེས་གློག་འདྲེན་གཤིས་ནུས་འགྱུར་ལྡོག་མངོན་གསལ་བྱུང་བ་ཡིན་པའི་ཁྱད་ཆོས་བེད་སྤྱད་དེ་བཟོས་པའི་ལྷུ་ཆས་ཤིག་ཡིན། འདྲེན་གཟུགས་ཕུང་གསུམ་སྣེ་གཉིས་སུ་གློག་སྣེ་བྱུག་ནས་གྲུན་པ་ནི་འོད་སྐྱེན་གློག་འགོག་རེད། འོད་སྐྱེན་གློག་འགོག་གིས་གློག་སྒོའི་བྱེད་ནུསཐོན་ལ། འོད་འཕྲོ་བར་ཚོར་བ་རྣོན་པོའི་ཚུར་སྣང་དགོས་པའི་རང་འགུལ་ཚོད་འཛིན་སྒྲིག་ཆས་སུ་དངོས་བཀོལ་རྒྱ་ཆེར་ལྡན།

འདྲེན་གཟུགས་ཕུང་གསུམ་རྒྱུ་ཆ་དང་བསྲེས་པའི་རྣམ་པ་མི་འདྲ་བ་དང་། འོད་སྐྱེན་གློག་འགོག་མི་འདྲ་བས་འོད་ཤལ་ཚན་སྐྱེན་ཚོར་གཞིར་བཟུང་ནས། མཐོང་ཐུབ་འོད་ཁུལ་དུ་བཀོལ་སྤྱོད་བྱེད་པ་གཙོ་བོ་ནི་ཟི་འགྱུར་ཏི། ཟི་འགྱུར་ཀལ། སི་འགྱུར་ཀལ་དང་བསྲེས་འདྲེས་བདར་མང་འོད་སྐྱེན་གློག་འགོག་ཡིན།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།