གློག་འགོག་ཆས།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:21ལ་འགྲུབ།

གློག་འགོག་ཆས།

གློག་འགོག་ཆས།
འདྲེན་གཟུགས་ཀྱི་གློག་འགོག་གིས་གློག་རྒྱུན་བཀག་འགོག་བྱེད་ནུས་ཡོད་པ་བེད་སྤྱད་དེ་བཟོས་པའི་གློག་ལམ་གཉུག་ལྷུ་ལ་གློག་འགོག་ཆས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电阻器
མིང་གཞན།
གློག་འགོག
ཕྱི་ཡིག་གི་མིང་།
Resistor
1 ངོ་སྤྲོད།

འདྲེན་གཟུགས་ཀྱི་གློག་འགོག་གིས་གློག་རྒྱུན་བཀག་འགོག་བྱེད་ནུས་ཡོད་པ་བེད་སྤྱད་དེ་བཟོས་པའི་གློག་ལམ་གཉུག་ལྷུ་ལ་གློག་འགོག་ཆས་ཟེར། གློག་རྒྱུན་གྱི་ཆེ་ཆུང་ཚོད་འཛིན་དང་གློག་ནུས་དེ་ནང་ནུས་སུ་བརྗེ་འགྱུར་མངོན་འགྱུར་བྱུང་བར་བཀོལ་ཆོག་ལ། གློག་འགོག་ཆས་ཀྱི་རྣམ་གྲངས་ལ་འགོག་ཐང་ལྟར་དབྱེ་ན་ངེས་ཐང་གློག་འགོག་དང་། འགྱུར་རུང་གློག་འགོག རྩོལ་ནུས་ལྟར་དབྱེ་ན་ཚ་སྐྱེན་གློག་འགོག་དང་འོད་སྐྱེན་གློག་འགོག་སོགས་ཡོད། ཨོ་མུ་གཏན་སྲོལ་ལྟར་དབྱེ་ན་ཨོ་མུ་གཏན་སྲོལ་བརྩི་སྲུང་བྱེད་པའི་ཐིག་གཤིས་གློག་འགོག(ཝོལ་ཨམ་ཁྱད་ཆོས་འཁྱོག་ཐིག་གནས་ཚད་མ་ཚེག་ལ་བརྒྱུད་པའི་དྲང་ཐིག)དང་ཨོ་མུ་གཏན་སྲོལ་མི་བརྩི་བའི་ཐིག་གཤིས་མིན་པའི་གློག་འགོག(ཝོལ་ཨམ་ཁྱད་ཆོས་འཁྱོག་ཐིག་དྲང་ཐིག་མིན་པ) ད་དུང་རྒྱུ་ཆ་ལྟར་དབྱེ་ན་གློག་འགོག་ཆས་རིགས་དུ་མ་ཡོད། གློག་འགོག་ཆས་ལ་རིགས་མང་ཞིང་སྤྱོད་སྒོ་ཧ་ཅང་རྒྱ་ཆེ།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།