སྒྲ་སྡུད་འཕྲུལ་འཁོར་གྱི་ཕྱི་སྐོགས་ཁ་ཕྱེ་ན། ཁ་དོག་མི་འདྲ་ཞིང་དབྱིབས་མི་འདྲ་བའི་གློག་རྡུལ་གཉུག་ལྷུ་མང་པོ་མཐོང་ཐུབ། གཉུག་ལྷུ་དེ་དག་ལ་སྤྱོད་སྒོ་མི་འདྲ་བ་ཡོད།
ཆེས་རྒྱུན་བཀོལ་གྱི་གློག་ལམ་གཉུག་ལྷུ་ནི་གློག་འགོག་ཆས། གློག་ཤོང་ཆས། གློག་སྐྱེན་ཆས་སོགས་ཡིན། དེ་དག་གིས་གློག་རྒྱུན་ལ་ཚོད་འཛིན་བྱེད་ནུས་མི་འདྲ། མདོར་བསྡུས་བཤད་ན། གློག་འགོག་ཆས་ཀྱིས་ཐད་རྒྱུག་གློག་དང་སྤེལ་རྒྱུག་གློག་ཚང་མར་བཀག་འགོག་གི་བྱེད་ནུས་ཡོད་པ་དང་། གློག་ཤོང་ཆས་ཀྱི་ཐད་རྒྱུག་གློག་ལ་བར་གཅོད་ཀྱི་བྱེད་ནུས་ཡོད། སྤེལ་རྒྱུག་གློག་ལ་བཀག་འགོག་གི་བྱེད་ནུས་དེ་སྤེལ་རྒྱུག་གློག་གི་ཟློས་ཕྱོད་ལ་འབྲེལ་བ་ཡོད། ཟློས་ཕྱོད་ཇི་ལྟར་མཐོ་ན་དཀག་འགོག་བྱེད་ནུས་དེ་ལྟར་ཆུང་། གློག་སྐྱེན་ཆས་ཀྱིས་ཐད་རྒྱུག་གློག་ལ་བཀག་འགོག་བྱེད་ནུས་ཐོན་མེད། སྤེལ་རྒྱུག་གློག་གི་བཀག་འགོག་བྱེད་ནུས་དེ་སྤེལ་རྒྱུག་གློག་གི་ཟློས་ཕྱོད་ལ་འབྲེལ་བ་ཡོད། ཟློས་ཕྱོད་ཇི་ལྟར་དམའ་ན་བཀག་འགོག་བྱེད་ནུས་དེ་ལྟར་ཆུང་།