ཐོག་འགོག་མདའ།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:24ལ་འགྲུབ།

ཐོག་འགོག་མདའ།

ཐོག་འགོག་མདའ།
ཐོག་འགོག་མདའ་ནི་སྣེ་རྩེ་གློག་གཏོང་གི་རིགས་པ་བེད་སྤྱད་དེ་བཟོས་པ་ཞིག་ཡིན་ཏེ། གློག་ལྡན་པའི་སྤྲིན་རིམ་ས་ངོས་ལ་ཉེ་བར་བཅར་ཚེ་འཇགས་གློག་ལྟོས་འབྱུང་རྐྱེན་གྱིས་ས་ངོས་ཐོག་གི་དངོས་གཟུགས་ལ་ཐ་དད་གློག་ཁུར་འབྱུང་དུ་བཅུག་ཅིང་། འབུར་བའི་དངོས་གཟུགས་ཐོག་ཏུ་དམ་པོར་འཇུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
避雷针
ཕྱི་ཡིག་གི་མིང་།
lightning rod
1 ངོ་སྤྲོད།

ཐོག་འགོག་མདའ་ནི་སྣེ་རྩེ་གློག་གཏོང་གི་རིགས་པ་བེད་སྤྱད་དེ་བཟོས་པ་ཞིག་ཡིན་ཏེ། གློག་ལྡན་པའི་སྤྲིན་རིམ་ས་ངོས་ལ་ཉེ་བར་བཅར་ཚེ་འཇགས་གློག་ལྟོས་འབྱུང་རྐྱེན་གྱིས་ས་ངོས་ཐོག་གི་དངོས་གཟུགས་ལ་ཐ་དད་གློག་ཁུར་འབྱུང་དུ་བཅུག་ཅིང་། འབུར་བའི་དངོས་གཟུགས་ཐོག་ཏུ་དམ་པོར་འཇུས་པ་སྟེ། དཔེར་ན་སྡོང་ཆེན་དང་། ལྕགས་སྒྲོམ། དུ་ཁུང་། རིམ་མཐོའི་ཁང་རྩེག་ལྟ་བུ་སོགས། གློག་ཁུར་གསོག་ནས་ཚད་ངེས་ཅན་ལ་ཐོན་སྐབས། གློག་ལྡན་སྤྲིན་རིམ་དང་འབུར་བའི་དངོས་གཟུགས་དེ་དག་བར་དུ་ཧ་ཅང་དྲག་པའི་གློག་གཏོང་བྱུང་སྟེ་འཁྱུག་གློག་གྲུབ། འཁྱུག་གློག་རིགས་འདིས་མི་ལུས་དང་འཛུགས་སྐྲུན་དངོས་པོར་གནོད་འཚེ་གཏོང་བ་ཡིན། ཐོག་འགོག་མདའ་ནི་ལྕགས་རིགས་ཀྱི་རྣེ་རྩེ་འདྲེན་གཟུགས་ཡིན། འཛུགས་སྐྲུན་དངོས་པོའི་རྩེ་ལ་སྒྲིག་སྦྱོར་བྱས་ཏེ། འདྲེན་སྐུ་སྦོམ་པོས་ས་འོག་ཏུ་སྦས་པའི་ལྕགས་རིགས་དང་སྦྲེལ་ནས། ས་གཞི་དང་ཕྲད་པ་ལེགས་པ་བརྟན་སྲུང་བྱས། ཐོག་འགོག་མདའ་བརྒྱུད་དེ་མུ་མདུད་དུ་གློག་གཏོང་ཆོག་པས། གློག་ཁུར་གྱི་འབོར་ཆེན་གསོག་འཇོག་གཡོལ་ཐུབ། ཧ་ཅང་དྲག་པོའི་མེ་སྟག་གློག་གཏོང་སྔོན་འགོག་བྱས་ཏེ། འཛུགས་སྐྲུན་དངོས་པོ་དང་མི་ལ་ཐོག་གིས་ཕོག་པ་གཡོལ་ཐུབ་པ་རེད།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།