འཁོར་མདའ།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:25ལ་འགྲུབ།

འཁོར་མདའ།

འཁོར་མདའ།
འཁོར་མདའ་ནི་མཉམ་དུ་འཁོར་འགུལ་བྱེད་པའི་འཁོར་ལོ་ཆེ་བ་དང་འཁོར་ལོ་ཆུང་བས་གྲུབ། གོམས་གཤིས་ཀྱིས་འཁོར་ལོ་ཆེ་བར་འཁོར་ལོ་ཞེས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
轮轴
1 ངོ་སྤྲོད།

རླངས་འཁོར་ཁ་ལོ་པས་མི་ཆེ་བའི་ཤུགས་བཀོལ་ནས་ཁ་ཕྱོགས་འཁོར་ལོ་བསྐོར་ན། མདའི་སྟེང་དུ་ཅུང་ཙམ་ཆེ་བའི་ཤུགས་བྱུང་ནས་རླངས་འཁོར་གྱི་དཀྱོག་མཚམས་བསྒྱུར་བ་དང་། སྒོའི་ཡུ་བ་ཡང་མོས་བསྐོར་ན་སྒོ་འབྱེད་ཐུབ། ཁ་ཕྱོགས་འཁོར་ལོ། སྒོའི་ཡུ་བ་སོགས་ནིའང་སྟབས་བདེ་འཕྲུལ་ཆས་རིགས་གཞན་ཞིག་ལ་གཏོགས་པ་སྟེ། འཁོར་མདའ།

འཁོར་མདའ་ནི་མཉམ་དུ་འཁོར་འགུལ་བྱེད་པའི་འཁོར་ལོ་ཆེ་བ་དང་འཁོར་ལོ་ཆུང་བས་གྲུབ། གོམས་གཤིས་ཀྱིས་འཁོར་ལོ་ཆེ་བར་འཁོར་ལོ་ཞེས་ཟེར། འཁོར་ལོ་ཆུང་བར་མདའ་ཟེར། འཁོར་མདའ་དོན་དངོས་སུ་དབྱིབས་འགྱུར་བའི་འཇའ་ཤིང་ཞིག་ཡིན། དེའི་ཕྱིར་འཁོར་ལོའི་ཚངས་ཕྱེད་ནམ་ཡང་མདའི་ཚངས་ཕྱེད་ལས་ཆེ། དེ་བས་འཁོར་ལོར་བཏོན་པའི་བྱེད་ནུས་ཤུགས་ནམ་ཡང་མདའི་སྟེང་གི་ཤུགས་ལས་ཆུང་། དེ་ནི་ཤུགས་སྲི་འཕྲུལ་ཆས་ཡིན།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།