མི་ཉགསྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2017-06-21 11:06ལ་འགྲུབ།

མི་ཉག

མི་ཉག་ཅེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་ཚོ་སྡེ་ཞིག་ཡིན་ལ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ20ལྷག་གི་མཚམས་ཏེ། མཚོ་ཁྲི་ཤོར་རྒྱལ་མོའི་མཚོ་མགོའི་ཕྱོགས་ཀྱི་གནས་ཁམས་ཆེན་ཆུ་མིག་བརྒྱ་རྩའི་གནས་སྒོ་ཡི་ཉེ་ཕྱོགས་ན་ཡོད་ཅིང་། སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་ནང་གི་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乜那
ལ་ཏིང་གི་མིང་།
mi nyag
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ།
གནས་ཡུལ།
རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་ན་ཡོད།
དཀར་ཆག

མི་ཉག་ཅེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་ཚོ་སྡེ་ཞིག་ཡིན་ལ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ20ལྷག་གི་མཚམས་ཏེ། མཚོ་ཁྲི་ཤོར་རྒྱལ་མོའི་མཚོ་མགོའི་ཕྱོགས་ཀྱི་གནས་ཁམས་ཆེན་ཆུ་མིག་བརྒྱ་རྩའི་གནས་སྒོ་ཡི་ཉེ་ཕྱོགས་ན་ཡོད་ཅིང་། སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་ནང་གི་གཅིག་ཡིན། 

སྤྱི་ལོ1964ལོར། སྐབས་དེའི་རིག་སྨོན་ཀུང་ཧྲེའི་མངའ་འོག་གི་ཚོ་སྡེ་འདི་དང་འཁྱགས་སྐོར་གཉིས་ཞིང་ཆེན་ཕྱུགས་ལས་ཐིན་གྱིས་བདག་སྐྱོང་བྱེད་ཁོངས་སུ་སྦྱར་ནས་མཚོ་ཤར་ཕྱུགས་རྒྱུད་ར་བ་བཙུགས། 《ཉིན་ལུང་ལོ་རྒྱུས》སུ། ཚོ་སྡེ་འདིའི་མཆེད་ཁུངས་ནི་རེབ་གོང་རོང་བོ་བློན་ཆོས་ཡིན་ཚུལ་དང་། ཕྱིས་སུ་རུ་བུད་དེ་ཐོག་མར་འབའ་མང་ར(ད་ལྟའི་འབའ་རྫོང་དང་མང་རྫོང་གི་ཕྱོགས)ཕྱོགས་སུ་ཀ་བརྒྱ་དང་ཆབས་ཅིག་གནས་སྐབས། རྐྱེན་འགའི་དབང་གིས་ཚོ་བ་འདིས་ཀ་བརྒྱའི་མི་ཞིག་བསད་ནས་ཕན་ཚུན་བར་འཁོན་བྱུང་བ་བླ་དཔོན་མང་པོས་མ་ཤོད་པར་ལུས་པ་འཁྱམ་རུའི་སྟོང་དཔོན་བྱམས་པ་སྙན་གྲགས་དང་ཁོང་གི་འཁོར་བློན་གསུམ་བཅས་ཀྱིས་དེ་བཤད་ནས་གྱོད་རྔ་ལེགས་པར་བསྡུམས་ཤིང་། ཕྱིས་སུ་མི་ཉག་ཚོ་བ་ནི་འབའ་མང་ར་ནས་མཚོ་སྔོན་པོའི་མཚོ་མགོའི་ཕྱོགས་འདིར་སྤར་ཏེ་ཉིན་ལུང་གི་གྲས་སུ་འདུས་ཚུལ་བཀོད་ཡོད་ལ། སྔར་གྱི་ཚོ་མིང་སོར་བཞག་བྱས།