ཆབ་སྲིད་དོ་དམ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:34ལ་འགྲུབ།

ཆབ་སྲིད་དོ་དམ།

ཆབ་སྲིད་དོ་དམ་ནི་རྒྱལ་ཁབ་ཀྱི་དབང་ཆས་ཆེད་བཙུགས་ཀྱི་སྒྲིག་ལམ་རིགས་ཤིག་དང་དམིགས་ཡུལ་ཞིག་གཞིར་བཟུང་སྟེ། རང་རྟོགས་ཡོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཆབ་སྲིད་འཚོ་བར་ཚོད་འཛིན་བྱེད་པའི་ཐབས་ལམ་ངེས་ཅན་ཞིག་ལ་ཟེར་བ་ཡིན། འདི་ལྟ་བུའི་དམིགས་བསལ་གྱི་ཚོད་འཛིན་བྱ་ཐབས་བརྒྱུད་ནས། ཆབ་སྲིད་ཀྱི་ཕྱོགས་སོ་སོ་ནས་གཏན་འབེབ་རིགས་ཤིག་གི་སྒྲིག་ལམ་དང་དམིགས་ཡུལ་ལྟར་ལག་བསྟར་དང་འཕེལ་རྒྱས་སུ་གཏོང་བ་ཞིག་ཡིན།
1 གྲུབ་རྐྱེན།

ཆབ་སྲིད་དོ་དམ་འཆུན་འདོམ་གྱི་རྣམ་པ་དང་དེ་བཞིན་འཕེལ་རྒྱས་ཁ་ཕྱོགས་གྱི་གྲུབ་རྐྱེན་གཙོ་བོ་ལ། སྤྱི་ཚོགས་དཔལ་འབྱོར་འབྲེལ་བའི་ངོ་བོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་དང་ཆབ་སྲིད་དམངས་གཙོ་ཅན་གྱི་ཚད་གཞི། སྤྱི་ཚོགས་ཐུན་མོང་ལས་དོན་གྱི་རྙོག་འཛིང་གི་ཚད་གཞི། སྤྱི་དམངས་ཀྱི་འབྱུང་སྤུས། སྤྱི་ཚོགས་ཁོར་ཡུག་གི་གཏན་འཇགས་རང་བཞིན། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ཚད་གཞི་སོགས་ཡོད། ཆབ་སྲིད་དོ་དམ་གཞི་རྩར་བཟུང་བའི་འགྱུར་ཚད་འདི་དག་ལས། རྒྱལ་ཁབ་སོ་སོའི་ཆབ་སྲིད་དོ་དམ་གྱི་ཁ་ཕྱོགས་འགར་སྔོན་དཔག་བྱས་ཆོག་སྟེ། ཆབ་སྲིད་དོ་དམ་ནི་སྔར་ལས་གལ་ཆེན་དུ་གྱུར་ཡོད། ཆབ་སྲིད་དོ་དམ་གྱི་སྤྱི་ཚོགས་རང་སྐྱོང་གི་ཚད་སྔར་ལས་རྒྱ་ཇེ་ཆེ་དང་ཉིན་རེ་བཞིན་དེང་རབས་ཅན་དུ་འགྱུར་ངེས་ཡིན།

2 ཁྱད་ཆོས།

ཆབ་སྲིད་དོ་དམ་གྱིས་གཤམ་གྱི་དོ་དམ་བྱེད་སྟངས་ལ་བརྟེན་ནས་ཐུན་མོང་འཚོ་བའི་ལས་ཆོད་དང་འདྲ་མཉམ་ལ་རྨང་གཞིའི་རིན་ཐང་བསྐྲུན་དགོས། སྲིད་གཞུང་གིས་སྤྱི་ཚོགས་འཚོ་བར་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པ་ཞིག་ཡིན་ཏེ། སྒྲ་ཡངས་འཇུག་གི་གོ་དོན་ལྟར་ན། རྒྱལ་ཁབ་ཀྱི་སྲིད་དབང་ལ་བརྟེན་ནས། སྤྱི་ཚོགས་ཡོངས་ཀྱི་ཆབ་སྲིད་ཆབ་སྲིད་འཚོ་བ་སྙོམས་སྒྲིག་བྱེད་པ་ཞིག་ཡིན་ལ། དེར་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་སྙོམས་སྒྲིག་ཀྱང་འདུ་བ་ཡིན། སྒྲ་དོག་འཇུག་གི་གོ་དོན་ལྟར་ན། སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པར་གོ་བ་ཡིན་ཞིང་། མི་རྣམས་ཀྱིས་སྤྱིར་བཏང་དུ་སྒྲ་དོག་འཇུག་གི་ཆབ་སྲིད་དོ་དམ་བེད་སྤྱོད་གཏོང་གི་ཡོད། ཆབ་སྲིད་དོ་དམ་དུ་ཚུད་པའི་མི་རྣམས་ཀྱི་ཐུན་མོང་ཆབ་སྲིད་འཚོ་བ་ནི། དབང་སྒྱུར་གྲལ་རིམ་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་འཕྲུལ་ཆས་རྒྱུན་ལྡན་ལྟར་བེད་སྤྱོད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

3 བྱེད་ནུས།

དབང་ཆའི་བསྒྱུར་བཀོད་ཀྱི་འགལ་ཟླའི་རང་བཞིན་དང་གཅིག་གྱུར་རང་བཞིན་འབྲེལ་བ་གཉིས་ཀྱི་སྐུད་སློང་འོག ཆབ་སྲིད་ཀྱི་དབང་ཆ་གཙོ་བོས་ཁེ་ཕན་གྱི་འབྲེལ་བའི་སྟེང་གི་འགལ་བ་སྙོམས་སྒྲིག་དང་ཐག་གཅོད་བྱེད་པའི་ཆེད་དུ། ཐུན་མོང་ཁེ་ཕན་གྱི་དགོས་མཁོ་མངོན་འགྱུར་གྱིས། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་འགན་ནུས་འཁུར་ཐུབ་པ་དང་། སྤྱི་ཚོགས་དོ་དམ་ལག་བསྟར་བྱ་དགོས། བྱ་སྤྱོད་འདི་ནི་ཆབ་སྲིད་དོ་དམ་གྱི་འོས་འགན་ཡིན།


དཔྱད་གཞིའི་ཡིག་ཆ།