ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-06-29 09:28ལ་འགྲུབ།

ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ།

ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ།
ཆུ་ནི་ཐོར་བྱེད་རྫས་གལ་ཆེན་ཞིག་ཡིན། རང་བྱུང་འཁོར་སྐྱོད་ཁྲོད་དུ་ཆུ་ཡིས་དངོས་པོ་མང་པོ་ཞིག་ཐོར་དུ་འཇུག དཔེར་ན། གཏེར་ཁའི་ནང་གི་ཚྭའི་ཆ་དང་། གཏེར་རྫས་རྒྱུ། མཁའ་རླུང་ནང་གི་རླུང་གཟུགས། ས་རྒྱུའི་ནང་གི་འདམ་ཟེགས་སོགས་ལྟ་བུ་རེད། དེ་དང་མཉམ་དུ། འཁོར་སྐྱོད་ཁྲོད་དུ་རྒྱུན་མི་ཆད་པར་ཆུའི་རྙོགས་རྫས་ཀྱང་དོར་ནས་རང་ཉིད་ཇེ་གཙང་དུ་གཏོང་ལ། དེ་ནི་ཆུའི་རང་བྱུང་གཙང་འགྱུར་ཞེས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水体的自净化能力
ནུས་པ།
རང་གཙང་སྒྱུར་ནུས་པ།
1 ངོ་སྤྲོད།

ཆུ་ནི་ཐོར་བྱེད་རྫས་གལ་ཆེན་ཞིག་ཡིན། རང་བྱུང་འཁོར་སྐྱོད་ཁྲོད་དུ་ཆུ་ཡིས་དངོས་པོ་མང་པོ་ཞིག་ཐོར་དུ་འཇུག དཔེར་ན། གཏེར་ཁའི་ནང་གི་ཚྭའི་ཆ་དང་། གཏེར་རྫས་རྒྱུ། མཁའ་རླུང་ནང་གི་རླུང་གཟུགས། ས་རྒྱུའི་ནང་གི་འདམ་ཟེགས་སོགས་ལྟ་བུ་རེད། དེ་དང་མཉམ་དུ། འཁོར་སྐྱོད་ཁྲོད་དུ་རྒྱུན་མི་ཆད་པར་ཆུའི་རྙོགས་རྫས་ཀྱང་དོར་ནས་རང་ཉིད་ཇེ་གཙང་དུ་གཏོང་ལ། དེ་ནི་ཆུའི་རང་བྱུང་གཙང་འགྱུར་ཞེས་པ་དེ་ཡིན།

ཆུའི་རང་བྱུང་གཙང་འགྱུར་ལ་ཐབས་ལམ་འགའ་ཡོད་དེ། ཆུའི་འཁོར་སྐྱོད་ཁྲོད་དུ་བརྫད་པའི་དངོས་པོ་ནི་རླངས་ཡལ་དང་། ཡང་ན་གཏིང་དུ་ནུབ་པ། སྡུད་ལེན་སོགས་དངོས་ལུགས་འགྱུར་ལྡོག་བྱས་པ་དང་། ཡང་ན་དབྱང་འགྱུར་དང་སྐྱེ་དངོས་ཕྲ་རབ་ཀྱིས་དབྱེ་འབྱེད་སོགས་རྫས་འགྱུར་འགྱུར་ལྡོག་བྱེད་སྲིད། གོང་གསལ་གོ་རིམ་བརྒྱུད་ན། ཆུ་གཟུགས་ནང་དུ་ད་རུང་རང་བྱུང་གི་བརྫད་པའི་དངོས་པོ་ཉུང་ངུ་ཡོད་ངེས་ཡིན། རང་བྱུང་གི་བརྫད་པའི་དངོས་པོ་ཉུང་ངུ་དེ་ཆུས་སླ་པོར་བསྒྱུར་ནས་དེ་བས་ཀྱང་ཉུང་བ་རུ་བསྒྱུར་ཏེ། ཆུ་གཟུགས་དེ་ཕལ་ཆེར་སྔར་གྱི་རྣམ་པར་འགྱུར། ཡིན་ན་ཡང་། ཆུ་གཟུགས་ཀྱི་རང་གཙང་འགྱུར་ནུས་པ་ལ་ཚད་ཡོད་པ་ཡིན། གལ་ཏེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཆུ་གཟུགས་ནང་དུ་བཏང་བའི་བརྫད་པོའི་དངོས་པོའི་གྲངས་ཀ་ཚད་ངེས་ཅན་ལས་བརྒལ་ན། ཆུ་གཟུགས་དུས་གཏན་ནས་རྫོད་པར་བྱེད། སྤྱིར་བཤད་ན། གཙང་ཆུའི་ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ་ཅུང་ལེགས་པ་དང་། མཚེའུ་དང་ཆུ་མཛོད་སོགས་ལྷིང་འཇགས་ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ་ཅུང་ཞན་པས་རྫོད་སླ། གཞན་ཡང་། རྫོད་བྱེད་དངོས་པོ་དཔེར་ན་གཤའ་དང་ཁད་སོགས་ལྕི་བའི་ལྕགས་རིགས་གནས་ལ་དེས་ཀྱང་ཆུ་གཟུགས་ཀྱི་རང་གཙང་སྒྱུར་ནུས་པ་ཇེ་དམའ་རུ་གཏོང་བ་རེད།