རྫས་འགྱུར་མཉམ་བྱའི་ཚུལ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-03-21 16:30ལ་འགྲུབ།

རྫས་འགྱུར་མཉམ་བྱའི་ཚུལ།

རྫས་འགྱུར་མཉམ་བྱའི་ཚུལ།
རྫས་འགྱུར་འགྱུར་འབྱུང་མཚོན་པའི་རྫས་འགྱུར་ཚུལ་ལ་རྫས་འགྱུར་མཉམ་བྱའི་ཚུལ་ཟེར། རྫས་འགྱུར་མཉམ་བྱའི་ཚུལ་ཡང་དག་པར་འབྲི་བར་ངེས་པར་དུ་དོན་དངོས་ཀྱི་འགྱུར་འབྱུང་ཚུལ་རྨང་གཞི་བྱས་ཏེ་རྒྱུ་འབོར་བརྟན་སྲུང་ངེས་སྲོལ་གཞིར་བཟུང་ནས་སྙོམས་སྡེབ་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
化学方程式
ཕྱི་ཡིག་གི་མིང་།
[Chemistry] chemical equation; chemical equation
མིང་གཞན།
རྫས་འགྱུར་འགྱུར་འབྱུང་ཚུལ།
ཁྱབ་ཁོངས།
རྒྱུ་འབོར་འབྲེལ་བ།
སྤྱོད་བྱའི་བསླབ་ཚན།
རྫས་འགྱུར།
བརྩི་སྲུང་།
རྒྱུ་འབོར་བརྟན་སྲུང་ངེས་སྲོལ།
1 ངོ་སྤྲོད།

རྫས་འགྱུར་འགྱུར་འབྱུང་མཚོན་པའི་རྫས་འགྱུར་ཚུལ་ལ་རྫས་འགྱུར་མཉམ་བྱའི་ཚུལ་ཟེར། རྫས་འགྱུར་མཉམ་བྱའི་ཚུལ་ཡང་དག་པར་འབྲི་བར་ངེས་པར་དུ་དོན་དངོས་ཀྱི་འགྱུར་འབྱུང་ཚུལ་རྨང་གཞི་བྱས་ཏེ་རྒྱུ་འབོར་བརྟན་སྲུང་ངེས་སྲོལ་གཞིར་བཟུང་ནས་སྙོམས་སྡེབ་བྱེད་དགོས།

མི་རྣམས་ཀྱིས་རྫས་འགྱུར་ཞིབ་འཇུག་དང་དངོས་བཤེར་སྣ་ཚོགས་བྱེད་སྐབས་རྫས་འགྱུར་འབྱུང་འབྱུང་གི་གནས་ཚུལ་ཟིན་ཐོར་འགོད་དགོས་ཏེ། འགྱུར་འབྱུང་རྫས་གང་དག་ཡོད་པ་དང་ཅི་ཙམ་བཀོལ་བ། འགྱུར་འབྱུང་རྗེས་ཀྱི་གྲུབ་པའི་རྫས་ཅི་ཡིན་པ། ཅི་ཙམ་ཡོད་པ་སོགས་ལྟ་བུ་རེད། སྤུས་ཚད་གཏན་སྲུང་ངེས་སྲོལ་གཞིར་བཟུང་ནས། དངོས་པོའི་རྫས་འགྱུར་ཚུལ་བཀོལ་ནས་བྱེ་བྲག་གི་རྫས་འགྱུར་འགྱུར་འབྱུང་མཚོན། རྫས་འགྱུར་མཉམ་བྱའི་ཚུལ་ཡང་དག་པའི་ངང་འབྲི་བར་ངེས་པར་དུ་སྙོམས་སྡེབ་བྱེད་ཐབས་ཤེས་དགོས། དེ་ནི་འགྱུར་འབྱུང་དངོས་པོ་དང་གྲུབ་རྫས་གྱི་རྫས་འགྱུར་ཚུལ་སྔོན་དུ་བཏགས་གྲངས་འོས་འཚམས་བསྡེབས་ནས། མཚོན་ཚུལ་ནང་གི་མཚུངས་རྟགས་གཡས་གཡོན་གཉིས་ཀྱི་གཞི་རྒྱུ་རེ་རེའི་མ་རྡུལ་སྡོམ་གྲངས་མཚུངས་པར་བྱ་དགོས་པ་དེ་ཡིན།

2 རྫས་འགྱུར་མཉམ་བྱའི་ཚུལ་འབྲི་བའི་གོ་རིམ།

NaHCO3དྲོད་རྒྱས་ནས་དབྱེ་ཕྲལ་བྱེད་པའི་རྫས་འགྱུར་མཉམ་བྱའི་ཚུལ།

.png

3 སྙོམས་སྡེབ་བྱེད་ཐབས།

རྫས་འགྱུར་མཉམ་བྱའི་ཚུལ་གྱི་སྙོམས་སྡེབ་བྱེད་ཐབས་ལ་རིགས་མང་ཙམ་ཡོད། རྒྱུན་དུ་བཀོལ་བ་ནི་འདི་དག་ཡོད་དེ།

༡ བལྟ་དཔྱད་ཐབས། ཐོག་མར་རྫས་འགྱུར་ཚུལ་གྱི་ཅུང་རྙོག་འཛིང་ཡིན་པའི་གྲུབ་རྫས་ལས་འབྲེལ་ཡོད་འགྱུར་འབྱུང་དངོས་པོ་སོ་སོའི་རྫས་འགྱུར་ཚུལ་གྱི་བཏགས་གྲངས་དང་གྲུབ་རྫས་དེའི་བཏགས་གྲངས་རིགས་འདེད་ཀྱིས་ཤེས་པར་བྱེད་པ་དང་། དེའི་རྗེས་རྩིས་ནས་ཐོབ་པའི་རྫས་འགྱུར་ཚུལ་གྱི་བཏགས་གྲངས་ལ་བརྟེན་ནས་སླར་ཡང་རྫས་འགྱུར་ཚུལ་གཞན་དག་གི་བཏགས་གྲངས་འཚོལ་བ་ཡིན།

༢ སྤྱི་ལྡན་གྲངས་ཆུང་ཤོས་ཐབས། ཐོག་མར་མཉམ་བྱའི་ཚུལ་ནང་གི་མ་རྡུལ་སྤྱི་གྲངས་ཆེས་མང་བའི་གཞི་རྒྱུ་བདམས་ནས། འགྱུར་འབྱུང་སྔ་རྗེས་ཀྱི་མ་རྡུལ་གྲངས་ཀྱི་སྤྱི་ལྡབ་གྲངས་ཆུང་ཤོས་བརྩིས་ཏེ། འབྲེལ་ཡོད་རྫས་འགྱུར་ཚུལ་གྱི་བཏགས་གྲངས་གཏན་ཁེལ་བྱ་དགོས། དེ་ནས་སླར་ཡང་རྫས་འགྱུར་ཚུལ་གཞན་དག་གི་བཏགས་གྲངས་འདེད་རྩིས་བྱ་དགོས།

༣ ཆ་ཡ་གྲངས་སྡེབ་ཐབས། དཔེར་ན། མཉམ་བྱའི་ཚུལ་སྙོམས་སྡེབFeS2+O2  (དྲོད་མཐོ)═Fe2O3+SO  མཉམ་བྱའི་ཚུལ་ནང་དུ་འབྱུང་ཐེངས་ཅུང་མང་བའི་དབྱང་གཞི་རྒྱུ་བཟུང་བ། O2ནི་མ་རྡུལ་ཟུང་གི་ཆ་རྡུལ་ཡིན། O2སྔོན་གྱི་བཏགས་གྲངས་ལ་ཡ་གྲངས་དང་ཆ་གྲངས་གང་ཞིག་བསྣན་ན་ཡང་། འགྱུར་འབྱུང་དངོས་པོའི་ནང་གི་དབྱང་མ་རྡུལ་གྱི་གྲངས་ཀ་ནམ་ཡང་ཆ་གྲངས་ཡིན། འོན་ཀྱང་གྲུབ་རྫས་ནང་དུFe2O3དངSO2ནང་དུ་བསྡོམས་པས་དབྱང་མ་རྡུལ5འདུས་ཡོད་ལ། ཡ་གྲངས་ཤིག་ཡིན། SO2ནང་དུ་དབྱང་མ་རྡུལ2ཡིན། དེའི་རྫས་འགྱུར་ཚུལ་ཀྱི་སྔོན་དུ་ཡ་གྲངས་སམ་ཆ་གྲངས་གང་ཞིག་བསྣན་ཡང་། དབྱང་མ་རྡུལ་གྱི་གྲངས་ཀ་ནམ་ཡང་ཆ་གྲངས་ཡིན། Fe2O3ནང་དུ་དབྱང་མ་རྡུལ་གྱི་གྲངས་ཀ་ནི་ཡ་གྲངས3ཡིན། དེའི་རྫས་འགྱུར་ཚུལ་གྱི་སྔོན་དུ་ཆ་གྲངས་བསྣན་ན། ད་གཟོད་གྲུབ་རྫས་ནང་གི་དབྱང་མ་རྡུལ་གྱི་སྤྱི་གྲངས་དེ་ཆ་གྲངས་དུ་འགྱུར་བ་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། Fe2O3གྱི་སྔོན་དུ་ཆེས་ཆུང་བའི་ཆ་གྲངས2བསྣན་རྗེས་སྙོམས་སྡེབ་བྱས་ན། སྙོམས་སྡེབ་བྱས་རྗེས་ཀྱི་རྫས་འགྱུར་མཉམ་བྱའི་ཚུལ་ནི། 4FeS2+11O2  (དྲོད་མཐོ)═ 2Fe2O3+8SO2